འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཤིས་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲེང་ཀྲང་གཞོན་པ་ལི་དབྱི་ཧོང་
    ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱུང་ནས་ཏང་གི་སྐྱིད་སྡུག་དང་
    གཞུང་གི་ལས་གནས་ལས་གནས་དབྱུང་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གུང་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གུང་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཅང་ཤིས་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲེང་ཀྲང་གཞོན་པ་ལི་དབྱི་ཧོང་གི་སྒྲིག་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱས་པ་རེད།
         མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཞིག་གི་ངོས་ནས་ལི་དབྱི་ཧོང་གིས་ཏང་གི་དགོངས་དོན་ལས་འགལ་བ་དང་། མང་ཚོགས་ཀྱི་ཁེ་ཕན་སྣང་མེད་དུ་བཏང་ནས་ཡུན་རིང་དམིགས་བསལ་གྱི་དབང་ཆ་སྤྱད་དེ་ཁེ་ཕན་སྤྲོད་ལེན་དང་ཁེ་ཕན་བརྗེ་རེས་བྱས་ནས་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་མ་ཟད། ཁྲིམས་འགལ་གྱི་ཉེས་གསོག་སྣ་ཚོགས་ཀྱི་དོགས་གཞི་ཡོད་པ་མ་ཟད། ཁོ་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མ་བསྐུམས་པས་ཐག་གཅོད་ནན་པོ་ཕོག་ངེས་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་རྒྱུར་ཕུལ་བ་བརྒྱུད་ལི་དབྱི་ཧོང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་གནས་དབྱུང་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། ཁོ་པའི་སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོ་པའི་དོགས་ཡོད་ཉེས་གསོག་གི་གནད་དོན་དང་། ཁུངས་སྣེ། དེ་བཞིན་གྱོད་འབྲེལ་གྱི་དངུལ་དང་དངོས་པོ་བཅས་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་འབུལ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།