འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།"ལྔ་གཅིག"རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.49ལ་སྣེ་ལེན་ཞུ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་《“ལྔ་གཅིག”དུས་ཆེན་རིང་གི་ཡུལ་སྐོར་ཕྱོགས་སྟོན་》ལས་མངོན་པར། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གིས་རྒྱལ་ཡོངས་ཀྱི་མ་དཔེའི་གྲོང་ཁྱེར་60ལ་《ཀྲུང་གོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡུལ་སྐོར་འདོད་མོས་བརྟག་དཔྱད་》བྱས་པ་བརྒྱུད་2018ལོའི་དུས་ཚིགས་གཉིས་པར་རང་རྒྱལ་གྱི་གྲོང་མི་ཕྱིར་སྐྱོད་ཡུལ་སྐོར་གྱི་དུས་ཚོད་ནི་ཟླ་བ་ལྔ་པ་ཡིན་ཞིང་། དེའི་ནང“ལྔ་གཅིག”རིང་ཕྱིར་ཡུལ་སྐོར་དུ་སྐྱོད་འདོད་པའི་གྲོང་མི་36.6%ཟིན་པ་དང་། ཡུལ་སྐོར་གྱི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་པས་ཡུལ་སྐོར་གྱི་ཚ་རླབས་ཆུང་ངུ་ཞིག་འཕྱུར་རྒྱུ་ཡིན་པ་རེད། ལོ་རིམ་བྱུང་གི་ཁྲོམ་རའི་གྲངས་གཞི་དང་ཡུལ་སྐོར་ཚོང་པའི་སྔོན་མངགས་གནས་ཚུལ་ཕྱོགས་བསྡུས་བྱས་པར་གཞིགས་ན། “ལྔ་གཅིག”རིང་རྒྱལ་ཡོངས་སུ་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.49ལ་སྣེ་ལེན་བྱས་ནས་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་880རག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།