འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་བསྟན་དོན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་མི་འབོར་མང་ཤོས་དང་། ས་ཁོངས་རྒྱ་ཆེ་ཤོས། 
    མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་སུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་རྒྱ་གར་དང་ཕ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་མི་འབོར་མང་ཤོས་དང་། ས་ཁོངས་རྒྱ་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་སུ་གྱུར་བ་དང་། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དེ་བས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་དུའི་ཐོག གསར་འགོད་པས་ཟླ་4ཚེས་24ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་པེ་ཅིང་དུ་འཚོགས་པས་རྒྱ་གར་དང་ཕ་ཁི་སི་ཐན་ཁོངས་མིའི་རྒྱལ་ཁབ་ཀྱི་ངོས་ནས་ཚོགས་འདུར་ཞུགས་ཐེངས་དང་པོ་ཡིན་པས་ཁྱེད་ཀྱིས་རྒྱ་གར་དང་ཕ་ཁི་སི་ཐན་རྩ་འཛུགས་ནང་ཞུགས་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་གནས་ཚུལ་དང་མདུན་ལམ་ཐད་གདེང་འཇོག་ཇི་འདྲ་བྱེད་དམ་ཞེས་དྲིས།
         ཧྭ་ཁྲུན་ཡིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་17རིང་། ཁོངས་མིའི་རྒྱལ་ཁབ་ཀྱིས“ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ། འདྲ་མཉམ། གྲོས་མོལ། སྣ་མང་ཤེས་དཔལ་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་ཡོང་བ་བྱེད་པའི”“ཧྲང་ཧའེ་ཡི་སྙིང་སྟོབས”ཐོག་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་བདེ་འཇགས་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱལ་སྤྱིའི་འགྲོ་འོང་རྒྱ་ཁྱབ་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད།
         “རྒྱ་གར་དང་ཕ་ཁི་སི་ཐན་ཞུགས་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་མི་འབོར་མང་ཤོས་དང་། ས་ཁོངས་རྒྱ་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ས་ཁོངས་རྩ་འཛུགས་སུ་གྱུར་ནས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད”ཅེས་ཧྭ་ཁྲུན་ཡིང་གིས་བརྗོད།
         ཧྭ་ཁྲུན་ཡིང་གིས་ཟླ་4ཚེས་24ཉིན་འཚོགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིས་རྒྱ་གར་དང་ཕ་ཁི་སི་ཐན་ཚུད་པའི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་མཉམ་དུ་ཆིང་ཏའོ་དབུ་ཚོགས་གྲ་སྒྲིག་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པ་དང་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།