འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་འགོ་གཙོ་པན་མོན་ཏན་དུ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་28ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་འགོ་གཙོ་པན་མོན་ཏན་དུ་མཇལ་འཕྲད་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན། ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་ཡན་དང་ཁོ་རེ་ཡ་བྱང་མའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་པན་མོན་ཏན་དུ་མཇལ་འཕྲད་གནང་བ་རེད།
         ཧྲོའར་གྱི་དུས་ཚོད་ཆུ་ཚོད་9དང་སྐར་མ་30(པེ་ཅིང་གི་དུས་ཚོད་ཆུ་ཚོད་8དང་སྐར་མ་30)ཙམ་ལ། ཅིན་ཀྲེང་ཨེན་གྱིས་པན་མོན་ཏན་གྱི་དམག་དོན་མཚམས་ཐིག་རྒལ་ནས་ཁོ་རེ་ཡ་ལྷོ་མའི་ཕྱོགས་སུ་སྐྱོད་ནས་ཝུན་ཙའེ་ཡན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། འདི་ནི་ཁོ་རེ་ཡ་བྱང་མའི་དམག་འཁྲུག་རྗེས་ཀྱི་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཀྱིས་ཁོ་རེ་ཡ་ལྷོ་མའི་ས་ཁོངས་སུ་བསྐྱོད་པ་ཐོག་མ་ཡིན་པ་རེད།
         ཅིན་ཀྲེང་ཨེན་གྱིས་གདན་ཞུས་འོག་འགོ་གཙོ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དམག་དོན་མཚམས་ཐིག་རྒལ་ནས་ཁོ་རེ་ཡ་བྱང་མའི་ཕྱོགས་སུ་ཡུད་ཙམ་བསྡད་རྗེས་སླར་ཡང་ཁོ་རེ་ཡ་ལྷོ་མའི་ཕྱོགས་སུ་ལོག དེ་ནས་ཁོ་རེ་ཡ་ལྷོ་མས་ཅིན་ཀྲེང་ཨེན་ལ་སྲོལ་རྒྱུན་གྱི་དགའ་བསུའི་མཛད་སྒོ་དང་དམག་གཟིགས་མཛད་སྒོ་ཚོགས་པ། འདི་ཡང་ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཀྱིས་ཁོ་རེ་ཡ་ལྷོ་མའི་དམག་དཔུང་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་ཐོག་མ་ཡིན་པ་རེད།
    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་འགོ་གཙོ་པན་མོན་ཏན་དུ་མཇལ་འཕྲད་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།