འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་འབྲོག་པའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་གནམ་གཤིས་འགན་ལེན་ཞབས་ཞུ་ཡག་པོ་
    བསྒྲུབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དཔྱིད་རྨོད་དཔྱིད་འདེབས་ཀྱི་སྐབས་སུ། དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་ཀའི་འཕེལ་རིམ་དང་གནམ་གཤིས་ཐད་ཀྱི་ཞིང་དུད་ཀྱི་དགོས་མཁོ་དུས་ཐོག་ཏུ་རྒྱུས་ལོན་བྱ་ཆེད། ཉེ་ཆར། བོད་ལྗོངས་གནམ་གཤིས་ལྟེ་གནས་ཞིང་འབྲོག་ལས་གནམ་གཤིས་ཁང་གི་ལས་དོན་མི་སྣ་དང་བཅས་པ་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་བསྐྱོད་དེ་ལས་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་རེད།
         ལས་དོན་མི་སྣ་ཞིང་ཁ་དང་མུ་ཁར་བསྐྱོད་དེ“ཞིང་ལས་དུས་ཚོད་ཤེས་པ་དང་། ཞིང་ལས་ལས་དོན་རྟོགས་པ། ཞིང་པའི་དགོས་མཁོ་འདྲི་བ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ”བཅས་ཀྱི་བརྟག་ཞིབ་བྱས་ཤིང་། དགུན་གྲོ་འདེབས་སའི་ཞིང་ཁ་ཆེན་པོའི་བཞའ་ཚན་ཚད་ལེན་དང་ཞིང་ཁའི་མྱུ་གུ་སྐྱེ་ཚུལ་ལ་ལྟ་ཞིབ་ཚོད་དཔག་བྱས་པ་བརྒྱུད། གནམ་གཤིས་ཞབས་ཞུའི་ཐད་ཀྱི་ཞིང་པའི་དགོས་མཁོ་སྔར་བས་ཤེས་རྟོགས་དང་། གནམ་གཤིས་ལས་དོན་ཡག་པོ་བསྒྲུབས་ནས་ཞིང་པར་ཞབས་འདེགས་ཞུ་རྒྱུར་དཔྱད་གཞི་དང་པོ་འཚོལ་བསྡུད་བྱས་ཏེ་ཞིང་པར་ཐོན་འཕར་འབབ་འཕར་ཡོང་བར་ཞབས་ཞུའི་རྨང་གཞི་བཏིངས་པ་རེད།
         ཟླ་གསུམ་པ་ཤར་ཚུན། གཙང་རྒྱུད་དུ་ཆར་ཆུ་འབེལ་ཞིང་། ཞིང་ཁུལ་མང་ཆེ་བའི་གནམ་གཤིས་ཅུང་དྲོ་པོ་ཡོད་་པས་དགུན་གྲོ་སྔོ་ལོག་དང་མྱུ་གུ་འཚར་ལོངས་ལ་ཕན་པ་ཆེ་ལ་གནམ་གཤིས་ཆ་རྐྱེན་དཔྱིད་རྨོད་དཔྱིད་འདེབས་ལ་ཡག་པོ་ཡོད་པ་རེད།
         བོད་ལྗོངས་གནམ་གཤིས་ལྟེ་གནས་ཞིང་འབྲོག་ལས་གནམ་གཤིས་ཁང་གིས་མིག་སྔའི་དཔྱིད་རྨོད་ཐོན་སྐྱེད་ལ་གཤམ་གྱི་གྲོས་འགོ་བཞི་བཏོན་ཡོད་པ་སྟེ། གཅིག་ནས་མྱུ་གུ་སྐྱེ་འཚར་ཡག་པོ་མེད་སར་དུས་ཐོག་ཏུ་ལུད་རྒྱག་རྒྱུ་དང་། གཉིས་ནས་དཔྱིད་འདེབས་རན་པའི་ཞིང་ཁུལ་གྱིས་བཞའ་ཚན་ཡོད་དུས་ལོ་ཏོག་བཏབ་ནས་མྱུ་གུ་འབུས་ཚད་མཐོ་རུ་གཏོང་རྒྱུ། གསུམ་ནས་ན་ནིང་གི་དགུན་ཁ་དང་འདི་ལོའི་དཔྱིད་ཀར་ཞིང་ཁུལ་མང་ཆེ་བའི་གནམ་གཤིས་ཅུང་དྲོ་པོ་ཡོད་སྟབས་ནད་འབུ་ཡོད་སྲིད་པས་འབྲེལ་ཡོད་སྡེ་ཚན་གྱིས་ནད་འབུའི་གནོད་འཚེ་སྔོན་འགོག་ལས་དོན་སྔ་ཙམ་བསྒྲུབ་རྒྱུ། བཞི་ནས་རྒྱ་ཆེའི་ཞིང་དུད་ཚོས་གནམ་གཤིས་སྔོན་བརྡ་དང་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་བལྟས་ནས་གནམ་གཤིས་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་ཀྱིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཐོན་པ་བྱ་རྒྱུ་བཅས་དང་། གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཆ་འཕྲིན་དུས་ཐོག་ཏུ་མཁོ་འདོན་བྱས་ནས་ཞིང་པར་ཐོན་འཕར་འབབ་འཕར་ཡོང་པའི་འགན་ལེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།