འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་དར་ཁ་རྦད་དེ་ཞིག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ཀྲུང་གོའི་མཚོ་མཛེས་ཤོས”ཞེས་གྲགས་པའི་མཚོ་སྔོན་པོ་ཟླ་4ཚེས་15ཉིན་དར་ཁ་རྦད་དེ་ཞིག་པའི་དུས་སུ་སླེབས་ཡོད།
         ངོ་སྤྲོད་བྱས་པ་གཞིར་བཟུང་། སྤྱིར་ལོ་ལྟར་ཟླ་4པའི་ཟླ་དཀྱིལ་དུ་མཚོ་སྔོན་པོའི་དར་ཁ་རྦད་དེ་ཞིག་གི་ཡོད། མཚོ་སྔོན་པོའི་དར་ཁ་ཞིག་པའི་དུས་ཚིགས་གཉིས་ལ་ཕྱེ་བ་སྟེ། མཚོ་ངོས་རྒྱ་ཁྱོན་གྱི་10%ཡན་བཞུར་བའི་སྐབས་ནི་མཚོ་སྔོན་པོའི་དར་ཁ་ཞིག་འགོ་ཚུགས་པའི་དུས་ཚིགས་ཡིན་པ་དང་། མཚོ་ངོས་རྦད་དེ་བཞུར་བའི་དུས་ནི་དར་ཁ་རྦད་དེ་ཞིག་པའི་དུས་ཚིགས་ཡིན་པ་རེད།
         འདི་ལོའི་ཟླ་3ཚེས་22ཉིན་མཚོ་སྔོན་པོ་དར་ཁ་ཞིག་འགོ་ཚུགས་ནས་ཟླ་4ཚེས་15ཉིན་དར་ཁ་རྦད་དེ་ཞིག་པས། ན་ནིང་ལས་ཉིན་2འགྱངས་ཡོད་པ་དང་ཉེ་བའི་ལོ་10ཡི་ཆ་སྙོམས་ལས་ཉིན་4འགྱངས་ཡོད་པ་རེད།
         གནམ་གཤིས་རིགས་གཅིག་མཁས་ཅན་གྱིས་དུས་འགོར་གནམ་གཤིས་གྲང་མོ་མངོན་གསལ་དོད་པོ་ཡོད་པ་དེས་མཚོ་སྔོན་པོ་དར་ཁ་ཞིག་འགོ་ཚུགས་པའི་དུས་ཚོད་ཉེ་བའི་ལོ་10ཡི་ཆ་སྙོམས་གྲངས་ཐང་ལས་འགྱངས་ཡོད་པ་དང་། དུས་མཇུག་ཏུ་གནམ་གཤིས་དྲོ་རུ་ཕྱིན་པ་དེས་འཁྱགས་པ་བཞུར་མགྱོགས་སུ་ཕྱིན་ནས་དར་ཁ་ཞིག་པའི་དུས་ཚིགས་མངོན་གསལ་དོད་པོས་ཐུང་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།