འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་བ་ཚྭ་ཅན་ལ་གྱུར་པའི་མཚོ་གཞོང་གི་སྣུམ་རླངས་རྩད་ཞིབ་ལག་རྩལ་རྒྱལ་
    སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སི་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི(གཤམ་ལ“མཚོ་སྔོན་སྣུམ་ཞིང”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། ལོ་10ཙམ་འགག་སྒྲོལ་བྱས་པ་བརྒྱུད་མཚོ་བོད་ས་མཐོའི་བ་ཚྭ་ཅན་ལ་གྱུར་པའི་མཚོ་གཞོང་གི་སྣུམ་རླངས་ས་གཤིས་རྩད་ཞིབ་རིགས་པའི་གཞུང་ལུགས་ཀྱི་ལག་རྩལ་ཐད་ཚད་བརྒལ་གལ་ཆེན་བྱུང་ནས་མཚོ་སྔོན་གྱི་སྣུམ་ཞིང་དང་སྣུམ་རླངས་རྩད་ཞིབ་ཁྲོད་བསྟུད་མར་ཏུན་དུང་ཕྱུར་5རིམ་པའི་སྣུམ་རླངས་ཞིང་ཁ་རྩད་རྙེད་ཐུབ་རྒྱུར་མཛུབ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
         2007ལོ་ནས་བཟུང་འབྲེལ་ཡོད་ཚན་པས་སྔ་རྗེས་སུ་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་བཙུགས་ཏེ་མཚོ་གཞོང་གི་སྣུམ་རླངས་རྩད་ཞིབ་ཀྱི་ས་གཤིས་གནད་དོན་དང་ལག་རྩལ་གྱི་འཇུར་མིག་ལ་དམིགས་ནས་མི་ཆིག་སྟོང་ཡན་ལས་གྲུབ་པའི་ཐོན་ལས་རིག་པའི་ཞིབ་འཇུག་རུ་ཁག་གིས་གཞི་གཅིག་ཅན་གྱི་འགག་སྒྲོལ་བྱས་ནས་གསར་གཏོད་ཀྱི་ནུས་པ་དང་ཞིབ་འཇུག་གི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།