འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།དུད་ཚང་ལ་སྨན་བཅོས་འགན་བཅོལ་ཁྱབ་པར་བྱས་ནས་མི་འབོར་དབུལ་པོ་100%འགན་
    བཅོལ་ནང་ཞུགས་རྒྱུའི་འགན་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། མི་སྤྱི་ཐིང་གིས་ཞིང་ཆེན་ཡོངས་སུ“དུད་ཚང་དུ་སྐྱོད་དེ་སྨན་བཅོས་འགན་བཅོལ་བྱེད”ཅེས་པའི་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས“ངོ་འཕྲད”དང་། ཆེད་སྒྲིག“གནས་སྦྲེལ”གཏོད་པ། དྲ་རྒྱར་བརྟེན་ནས“སྙིང་ཉེ་བའི”དྲིལ་བསྒྲགས་དང་། རོགས་སྐྱོར། འཚམས་འདྲི། ཞབས་ཞུ་བཅས་ཀྱི་བྱེད་སྒོ་སྤེལ་ཏེ་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ལས་དོན་ལ་སྐུལ་མ་གཏིང་ཟབ་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་སུ་བྱེད་སྒོ་སྣ་ཚོགས་ཁྱོན་67སྒྲིག་འཛུགས་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་26ལྷག་སྤྲད་པ། ལས་ཡུལ་དངོས་སུ་མི་ཐེངས་200ལྷག་ལ་འོས་འགན་ནད་དཔྱད། མང་ཚོགས་མི་ཐེངས་ཁྲི་21ལྷག་གི་བློ་འདྲི་དང་ལེན་བཅས་བྱས་པས་མང་ཚོགས་དབུལ་པོས་སྲིད་ཇུས་ཤེས་ཚད་ལེགས་སུ་ཏན་ཏིག་སོང་བ་དང་། མི་འབོར་དབུལ་པོ་100%སྨན་བཅོས་འགན་བཅོལ་ནང་ཞུགས་ཏེ་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཐུབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རིམ་ཁག་མི་སྤྱི་སྡེ་ཚན་དང་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིའི་དུད་ཚང་དུ་སྐྱོད་པའི་ཞབས་ཞུའི་མི་སྣ་གྲོང་ཚོ་དང་སྡེ་ཁུལ་དང་དེ་བཞིན་ཞིང་དུད་ཀྱི་སྒོ་རྩར་བསྐྱོད་ནས་འགན་བཅོལ་ནང་ཞུགས་ཡོད་མེད་ལ་ཞིབ་བཤེར་དང་། ཐོབ་ཆ་སྤྲོད་པ། ལས་འགན་གཙང་ལེན་རོགས་སྐྱོར། སྲིད་ཇུས་དྲིལ་བསྒྲགས་སོགས་ཆེད་དོན་བྱེད་སྒོ་སྤེལ་ནས་མི་འབོར་དབུལ་པོས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་ལོངས་སུ་སྤྱོད་ཐུབ་པར་བྱས་ཤིང་། རྫོང་དང་ཆུས་ཁག་གི་མི་སྤྱི་ཅུས་ཀྱིས་དབུལ་སྐྱོར་སྡེ་ཚན་གྱི་མི་འབོར་དབུལ་པོའི་ཆ་འཕྲིན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་ལ་ཞིབ་བཤེར་ལྟ་བསྡུར་ནན་ཏན་བྱས་པ་དང་། འགན་བཅོལ་ནང་ཞུགས་མེད་པའི་མི་འབོར་དབུལ་པོ་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་ནས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་དོན་འཁྱོལ་བྱས་པ་རེད།
         དེ་དང་ཆབས་ཅིག རང་འགུལ་ངང་འགན་བཅོལ་ནང་ཞུགས་མེད་པའི་མི་འབོར་དབུལ་པོའི་སྒོ་རྩར་བསྐྱོད་ནས་གནས་ཚུལ་ཤེས་རྟོགས་ཀྱིས་དུས་ཐོག་ཏུ་འགན་སྲུང་ཁྱབ་ཁོངས་སུ་བཅུག་པ་དང་། སྨན་བཅོས་འགྲོ་སོང་ཕྱིན་པའི་མི་འབོར་དབུལ་པོའི་སྒོ་རྩར་བསྐྱོད་ནས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་སྤྲད་པ། གཟིགས་སྐྱོང་རང་བཞིན་གྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ལོངས་སུ་སྤྱོད་མ་ཐུབ་པའི་མི་འབོར་དབུལ་པོའི་སྒོ་རྩར་བསྐྱོད་ནས་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་གསབ་ཞུ་བྱས་ཡོད། ཞིང་ཆེན་ཡོངས་ཀྱིས་ཁྱོན་དུད་ཚང་ཁྲི་6གི་མི་འབོར་དབུལ་པོའི་སྒོ་རྩར་བཅར་ནས་ཞབས་འདེགས་ཞུས་པ་དང་། མི་འབོར་དབུལ་པོ་མི་ཐེངས་5971ལ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་སྒོར་ཁྲི་528ལྷག་སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།