འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་གྲུབ་ཆ་ལེགས་སྒྲིག་གི་གོམ་སྟབས་མགྱོགས་སུ་སོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་19ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འདི་ལོ་རང་རྒྱལ་གྱིས་སྔ་སྨིན་འབྲས་འདེབས་འཛུགས་གཞི་ཁྱོན་མུ་མཐུད་ཆུང་དུ་བཏང་ཞིང་། སྔོན་དཔག་བྱས་ན། འདི་ལོ་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་འདེབས་འཛུགས་གཞི་ཁྱོན་དེ་ལོ་གོང་མ་ལས་མུའུ་ཁྲི་500ལྷག་ཙམ་ཉུང་དུ་གཏོང་རྒྱུ་ཡིན་པ་རེད། ཞིང་ལས་གྲོང་གསེབ་པུའི་ཞིང་ནང་གནས་ཚུལ་བཀོད་གཏོང་གཞིར་བཟུང་། ཟླ་བ་གསུམ་པ་ནས་བཟུང་ལྷོ་ཕྱོགས་ཀྱི་སྔ་སྨིན་འབྲས་ཐོན་ཁུལ་མང་ཆེ་བར་ལོ་རེའི་དུས་མཚུངས་ལས་དྲོད་ཚད་མཐོ་བ་དང་ཉི་འོད་ཕོག་ཡུན་རིང་བ་ཡོད་པ་མ་ཟད། ཆུ་གསོག་ཚད་ཀྱང་འདང་ངེས་ཡིན་པས་སྔ་སྨིན་འབྲས་ཀྱི་འབྲས་ལྗང་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་རེད། ཞིང་ལས་གྲོང་གསེབ་པུའི་ཞིང་ནང་གནས་ཚུལ་བཀོད་གཏོང་གཞིར་བཟུང་། ཟླ་4ཚེས་16ཉིན་བར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་འབྲས་ལྗང་གསོ་སྐྱོང་སྤྱིར་ན་མཇུག་འགྲིལ་རྒྱུ་དང་52.4%བཏབ་ཟིན་པ་རེད།
         གྲུབ་ཆ་དང་བཀོད་པ་ལེགས་སུ་བཏང་ཞིང་། སྔ་སྨིན་འབྲས་འདེབས་འཛུགས་གཞི་ཁྱོན་ཆུང་དུ་གཏོང་བ་དང་དུས་མཚུངས་སྤུས་ཚད་ལེགས་གཏོང་དང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། མིག་སྔར་ས་གནས་ཁག་གིས་སྲིད་ཇུས་དྲིལ་བསྒྲགས་དང་ཆ་འཕྲིན་གྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འདེབས་འཛུགས་གཞི་ཁྱོན་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ལྷག་དོན་དུ་འབྲས་བསྡུ་ཐེངས་གཉིས་ཀྱི་ས་ཁུལ་གྱིས་རང་འགུལ་ངང་ཐོན་ཚད་ཉུང་བ་དང་སྤུས་ཚད་ཞན་པའི་སྔ་སྨིན་འབྲས་ཀྱི་གཞི་ཁྱོན་ཆུང་དུ་བཏང་སྟེ་བསྡུ་ཐེངས་གཅིག་གི་འབྲས་དང་ཁྱད་ལྡན་འབྲུ་སྣུམ་སོགས་སྐྱེ་དངོས་འདེབས་ཀྱི་ཡོད་པ་རེད།
         ལྗང་མདོག་འཕེལ་རྒྱས་མྱུར་དུ་བཏང་ཞིང་། སྔ་སྨིན་འབྲས་འདེབས་འཛུགས་གཞི་ཁྱོན་ཆུང་དུ་གཏོང་བ་དང་དུས་མཚུངས་གནོད་མེད་སྔོན་འགོག་ཚོད་འཛིན་དང་ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ། ས་གནས་ཁག་གིས་སྤུས་ལེགས་འབྲས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཆུ་འབྲས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དང་། ཚད་གཞི་གཏན་འཁེལ་གྱི་འདེབས་འཛུགས། ཆེད་ལས་ཅན་གྱི་ནད་འབུ་འགོག་བཅོས། གནོད་མེད་སྔོན་འགོག་ཚོད་འཛིན་སོགས་ལྗང་མདོག་གི་སྤུས་ཚད་མཐོ་བ་དང་ནུས་ཆེའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་བ་རེད། ཅང་ཤིས་ཀྱིས་སྤུས་ལེགས་འབྲས་ཀྱི་ཐོན་ལས་འཕེལ་རྒྱས་འདུ་འགོད་ལག་བསྟར་བྱས་ནས་ཁྱད་ལྡན་ས་ཁོངས་སྤུས་རྟགས་4དང་ཐོན་ལས་གླིང་གཙོ་གནད་ཐོག་བསྐྲུན་པ་དང་མུའུ་ཁྲི་400ཡི་ཕོ་དབྱང་མཚེའུ་ཡི་སྤུས་ལེགས་འབྲས་དང་། མུའུ་ཁྲི་300ཡི་སེ་ཕུན་སུམ་ཚོགས་པའི་འབྲས། མུའུ་ཁྲི་200ཡི་ཧྥུ་ཅིའི་སྤུས་ལེགས་འབྲས། མུའུ་ཁྲི་100ཡི་ཅང་ཤིས་ནུབ་རྒྱུད་ཀྱི་སྐྱེ་ལྡན་འབྲས་བཅས་ཀྱི་ཐོན་ལས་རྟེན་གཞི་བསྐྲུན་ཡོད་པ་རེད།
         མིག་སྔར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་འདེབས་འཛུགས་ཁུལ་གྱི་མྱུ་གུ་ཡག་པོ་རྒྱས་ཤིང་། ཧྭ་ནན་ས་ཁུལ་གྱི་སྔ་སྨིན་འབྲས་མང་ཆེ་བ་ལོ་མ་གསུམ་ལྡན་དུས་ནས་སྔོ་ལོག་དུས་སུ་སླེབས་པ་དང་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་དེ་ལོ་མ་གཉིས་ལྡན་དུས་ནས་ལོ་མ་གསུམ་ལྡན་དུས་སུ་སླེབས་པས་མྱུ་གུ་ཡག་པོ་རྒྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།