འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཝེ་ཐེ་ནམ་དང་། ལོ་སི། ཁམ་ཕུ་ཁྲེ། ཧྥི་ལི་ཕིན། ཧིན་རྡུ་ཉི་ཞི་ཡ་བཅས་ཀྱི་དཔོན་རིགས་ནན་ཉིང་
    དུ་འཛོམས་ནས་དྲ་ཐོག་ཚོང་དོན་ཞིབ་འཇུག་ཟབ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་12ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2018ལོའི་ཀྲུང་གོ་——ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕེལ་རྒྱས་ཁུལ་གྱི་དྲ་ཐོག་ཚོང་དོན་(ལས་རྣམ་གསར་པ)ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཚེས་10ཉིན་ནན་ཉིང་དུ་སློབ་འགོ་ཚུགས་ཤིང་། ཝེ་ཐེ་ནམ་དང་། ལོ་སི། ཁམ་ཕུ་ཁྲེ། ཧྥི་ལི་ཕིན། ཧིན་རྡུ་ཉི་ཞི་ཡ་བཅས་ནས་ཡོང་བའི་སློབ་མ་41གིས་ཤར་རྒྱུད་འཕེལ་རྒྱས་ཁུལ་གྱི་དྲ་ཐོག་ཚོང་དོན་(ལས་རྣམ་གསར་པ)གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་སྦྱོང་བྱེད་འགོ་ཚུགས་ཡོད།
         ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་དུས་ཡུན་ཉིན་14ཚོགས་རྒྱུ་ཡིན་པ་དང་། ཀྲུང་གོའི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་སྐད་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་དེ་བཞིན་སྲིད་གཞུང་གི་དཔོན་རིགས་གདན་དྲངས་ནས་སློབ་མ་ཚོར་སློབ་ཚན་ཁྲིད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།