འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་བདག་
    བཟུང་བྱེད་མཁན་གསུམ་འཛིན་བཟུང་དང་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 18:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་བདག་བཟུང་བྱེད་མཁན་གསུམ་འཛིན་བཟུང་དང་ཐག་གཅོད་བྱས་ཤིང་། གྱོད་དོན་སོ་སོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རྒྱལ་ཁབ་སྲུང་སྐྱོབ་རུ་ཆེན་དང་ཚལ་གུང་ཐང་མངགས་གཏོང་ཁང་། བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་བཅས་ཀྱིས་ཞིབ་བཤེར་བྱས་ཏེ་བཟུང་ནས་རྩིས་སྤྲོད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཐོག་མའི་ཞིབ་དཔྱད་བྱས་པ་བརྒྱུད། རུས་ཅུས་དང་ཕུན། ཧྲའོ་བཅས་ཅན་གྱི་སྐྱེས་པ་དག་གི་ཁྱིམ་དུ་སྤྱང་ལྤགས་མགོ་མེད་དང་། ཤྭ་བ། ཤྭ་བ་མཆུ་དཀར་གྱི་ར་ཅོས་བཟོས་པའི་ཅ་ལག་དངོས་ཉར་ཚགས་བྱས་ཡོད་པ་རེད། འདྲི་རྩད་བརྒྱུད་སྲོག་ཆགས་ཀྱི་ཐོན་རྫས་དེ་གསུམ་པོ་ནི་ཅུས་རུས་ཅན་དང་ཕིན་རུས་ཅན་གྱིས་གཞན་གྱི་ལག་ནས་ཉོས་པ་དང་གྲོགས་པོ་ཧྲའོ་རུས་ཅན་གྱིས་སྤྲད་པ་ཞིག་ཡིན་པ་རེད། ཁྲིམས་འཛིན་མི་སྣས་དྲིས་པའི་ཟིན་ཐོ་བཀོད་ནས་དེ་དང་འབྲེལ་བའི་དཔང་རྟགས་གཏན་འཁེལ་བྱས་རྗེས། འབྲེལ་ཡོད་བཅའ་ཁྲིམས་བཞིན་སྲོག་ཆགས་སྲུང་སྐྱོང་སྡེ་ཁག་ནས་རུས་ཅུས་ཅན་དང་ཕིན་ཅན། ཧྲའོ་ཅན་བཅས་སོ་སོར"རྩད་ཆོད་ལག་ཟིན་ཐུབ་པའི་དངོས་རྫས་གཞུང་བཞེས་གཏོང་རྒྱུ་དང་དངུལ་གྲངས་མི་འདྲ་བའི་ཆད་པ་གཅོད་པའི"སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།