འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་བས་སི་ཁྲོན་ཞིམ་ཟས་ཀྱི་བྲོ་བ་མྱོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རི་པིན་བས་སི་ཁྲོན་ཞིམ་ཟས་ཀྱི་བྲོ་བ་མྱོང་བ།
         མི་དམངས་དྲ་བའི་འཕྲིན། མི་ཚོས་རྒྱུན་དུ“ཀྲུང་གོར་ཞིམ་ཟས་སྣ་ཚོགས་ཡོད། བྲོ་བ་ཡག་ཤོས་སི་ཁྲོན་ལ་ཡོད”ཟེར་གྱི་ཡོད། དུས་དེང་སང་སི་ཁྲོན་གྱི་ཚལ་རིགས་ཀྲུང་གོའི་ས་ཕྱོགས་གང་སར་ཁྱབ་པ་མ་ཟད། ཕྱི་རྒྱལ་དུའང་དགའ་པོ་བྱེད་མཁན་མི་ཉུང་བ་ཞིག་ཡོད། གཟའ་འཁོར་གོང་མའི་གཟའ་མཇུག་ལ། རི་པིན་གྱི་ཐོ་ཁེའོ་ཏུའུ་ཏུའུ་ཐིང་ཉེ་འཁོར་དུ“ཁ་ཚ་ལྕེ་འབེར་གྱི་གསར་བརྗེ”སྟེ། སི་ཁྲོན་གྱི་ཞིམ་ཟས་དུས་ཆེན་ཚ་ཚ་འུར་འུར་ངང་སྤེལ་བ་རེད། ཚེས་8ཉིན། དུས་ཡུན་ཉིན་གཉིས་ཀྱི“སི་ཁྲོན་གྱི་ཞིམ་ཟས་དུས་ཆེན”སྐབས་གཉིས་པ་ཐོ་ཁེའོ་རུ་ལེགས་གྲུབ་ལྡན་པའི་ངང་མཇུག་འགྲིལ་བ་རེད། གོང་གི་པར་རིས་ནི་ཟླ་4ཚེས་7ཉིན། རི་པིན་གྱི་ཐོ་ཁེའོ་ཤིན་སུའུ་ཀྲུང་དབྱང་སྤྱི་གླིང་དུ་མི་རྣམས་ཀྱིས“སི་ཁྲོན་གྱི་ཞིམ་ཟས་དུས་ཆེན”ཐོག་ཞིམ་ཟས་ལ་རོལ་བཞིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།