འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔེ་དེབ་ཐུ་ནི་སི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཐོག་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཐུ་ནི་སི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་34པའི་ནང་ཞུགས་པའི་ཀྲུང་གོའི་དཔེ་སྐྲུན་ཚོང་པ་མང་པོས་ཚེས་7ཉིན་ཀྲུང་གོ་དང་ཐུ་ནི་སི་རྒྱལ་ཁབ་གཉིས་ཀྱི་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བ་དང་ཀྲུང་གོའི་དཔེ་དེབ་དེ་བས་མང་བར་ཐུ་ནི་སིའི་ཀློག་པ་པོས་དགའ་པོ་བྱེད་ཀྱི་ཡོད་ཅེས་བརྗོད།
         ཐུ་ནི་སི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནི་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་དུ་གཞི་ཁྱོན་ཆེ་ཤོས་དང་ལོ་རྒྱུས་ཡུན་རིང་ཤོས་ཀྱི་དཔེ་དེབ་འགྲེམས་སྟོན་གྱི་གྲས་ཤིག་ཡིན། སྐབས་འདིའི་དཔེ་དེབ་འགྲེམས་སྟོན་ཚེས་6ཉིན་འགོ་ཚུགས་པ་དང་ཚེས་15ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ནས་ཡོང་བའི་དཔེ་སྐྲུན་ཚོང་པ་700ལྷག་ཙམ་དེའི་ནང་ཞུགས་ཡོད། མི་དམངས་དཔེ་སྐྲུན་ཁང་དང་། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་། མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་། ཀྲུང་གོ་སློབ་གསོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི་སོགས་ཀྲུང་གོའི་དཔེ་སྐྲུན་ཚོང་པ་མང་པོ་ཚོགས་སྒྲིག་བྱས་ནས་ཞུགས་ཡོད།
         མི་དམངས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་ཧོང་ཧྲུའུ་ཡོན་གྱིས་དེ་ནི་ཀྲུང་གོའི་དཔེ་སྐྲུན་ཚོང་པ་ཐུ་ནི་སི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནང་ཞུགས་ཐེངས་གཉིས་པ་ཡིན་པ་དང་། ས་གནས་དེ་གའི་ཀློག་པ་པོར་དཔེ་དེབ་རིགས་600ལྷག་ཙམ་འཁྱེར་བའི་ནང་ཆབ་སྲིད་དང་། རིག་གནས། སྨན་བཅོས། སྐད་ཡིག་སློབ་སྦྱོང་སོགས་ཚུད་ཡོད། ཀྲུང་གོའི་དཔེ་སྐྲུན་ཚོང་པ་འགྲེམས་སྟོན་ནང་ཞུགས་པའི་དམིགས་ཡུལ་ནི་ཐུ་ནི་སིའི་ཀློག་པ་པོ་དེ་བས་མང་བས་ཀྲུང་གོར་རྒྱུས་མངའ་དང་ཀྲུང་གོ་ཤེས་རྟོགས་ཡོང་ཆེད་དང་འབྲེལ་ཐུ་ནི་སི་དཔེ་སྐྲུན་ཚོང་པ་དང་སྤེལ་རེས་དང་མཐུན་སྦྱོར་ཡོང་རེ་བྱས་ནས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུ་དེ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།