འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་ཕན་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་11ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་དམངས་ཕན་ཞབས་ཞུའི་ལས་དོན་གྲོང་ཚོར་སྤེལ་ཐུབ་པ་བྱ་ཆེད། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་1དང་སྲིད་འཛིན་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་17ཡོངས་སུ་ཁྱབ་པའི་རྨང་གཞིའི་ཐོག ཧུང་ཤིང་ཆའོ་གྲོང་རྡལ་གྱིས་ས་ཁོངས་ཁྱབ་རྒྱ་ཅུང་ཆེ་བ་དང་མི་འབོར་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བའི་གྲོང་ཚོར་དམངས་ཕན་ཞབས་ཞུའི་ས་ཚིགས་ཁེར་རྐྱང་དུ་བཙུགས་པ་དང་། ཆེད་ལས་མི་སྣ་དང་། ཆེད་དམིགས་ལས་གནས། ཆེད་ལས་གསུམ་གྱི་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱས་པ། རིན་མེད་ངང་གྲོང་མིར་ངོ་སྤྲོད་ཡི་གེ་སྣ་ཚོགས་དང་། རྒན་གསོ་དང་སྨན་བཅོས་འགན་བཅོལ། ཏང་རྩ་འཛུགས་ཀྱི་འབྲེལ་བ་སྤོ་མཐུད་སོགས་ཀྱི་ལས་སྒོ་ཁག་20ལྷག་སྒྲུབ་རོགས་བྱས་པ། མང་ཚོགས་ཐག་གང་ཉེ་སར་བྱ་བ་སྒྲུབ་རྒྱུ་ཡོང་བ་བྱས་པ་བཅས་ཀྱི་ཐོག་ནས་དམངས་ཕན་ཞབས་ཞུ་སྒྲུབ་པའི་ཁྲོད་ཀྱི“མཐའ་མའི་འགག་གནད”བསལ་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།