འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུས་ཨུ་རུ་སུ་རུ་བཅའ་སྡོད་རྒྱལ་ཁབ་23གྱི་ཕྱི་འབྲེལ་དཔོན་ཕྱིར་སྐྲོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཨུ་རུ་སུའི་ཕྱི་འབྲེལ་པུས་སྤྱི་བསྒྲགས་སྤེལ་བའི་ནང་ཨུ་རུ་སུའི་ཕྱི་འབྲེལ་པུས་གོང་ཚེས་ཉིན་ཨུ་རུ་སུར་བཅའ་སྡོད་ཨོ་སི་ཁྲུ་ལི་ཡ་དང་། འཇར་མན། དབྱི་ཐ་ལི་སོགས་རྒྱལ་ཁབ་23གྱི་གཞུང་ཚབ་འཐུས་མི་དང་ཐུག་འཕྲད་བྱས་ནས་ཁོ་ཚོར་ཨུ་རུ་སུས་གྲངས་ཚད་རིམ་མཚུངས་ཀྱི་རྩ་དོན་ལ་གཞིགས་ཏེ་ཨུ་རུ་སུར་བཅའ་སྡོད་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་མི་སྣ་ཕྱིར་སྐྲོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་འཁོད་ཡོད།
         སྤྱི་བསྒྲགས་ནང་དེ་ནི་ཨུ་རུ་སུ་ཕྱོགས་ནས་གོང་གསལ་རྒྱལ་ཁབ་ཀྱིས་ཨུ་རུ་སུའི་ཕྱི་འབྲེལ་དཔོན་ཕྱིར་སྐྲོད་བྱས་པར་དམིགས་ནས་ལན་བསློགས་པ་ཞིག་ཡིན། ཨུ་རུ་སུ་ཕྱོགས་ནས་གོང་ཚེས་ཉིན་ཨུ་རུ་སུར་བཅའ་སྡོད་ཨོ་སི་ཁྲུ་ལི་ཡ་དང་། ཨར་པ་ནི་ཡ། འཇར་མན། ཏེན་མག ཨིར་ལན། སི་ཕེན། དབྱི་ཐ་ལི། ཁ་ན་ཏ། ལ་ཐེ་ཝེ་ཡ། ལི་ཐུ་ཝན། མ་སི་དོ་ཉི་ཡ། མོལ་དོ་ཝ། ཧོ་ལན། ནོར་ཝེ། ཕོ་ལན། རོ་མ་ནི་ཡ། ཡུག་རེན། ཧྥིན་ལན། ཧྥ་རན་སེ། ཁ་རེ་ཤེ་ཡ། ཅེ་ཁེ། སུའེ་ཏེན། ཨེ་སོ་ནི་ཡ་བཅས་ཀྱི་གཞུང་ཚབ་འཐུས་མིར་རྒོལ་གཏམ་བརྗོད་ཡིག་སྤྲད་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།