འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་ལས་བྱེད་པ་225ཀྲུང་
    དབྱང་ཚན་པར་བསྐྱོད་ནས་གནས་སྦྱར་སྦྱོང་བརྡར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་པེ་ཅིང་དུ་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཉེར་བའི་2018ལོའི་ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་དག་གི་གནས་སྦྱར་སྦྱོང་བརྡར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འཚོག་འགོ་ཚུགས་པ་རེད། ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ། དེ་བཞིན་དེ་སྔའི་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར། ཤིན་ཅང་འཛུགས་སྐྲུན་པིན་ཐོན་བཅས་ས་ཁུལ་19ཡི་གནས་སྦྱར་ལས་བྱེད་པ་225ཀྲུང་དབྱང་ཚན་པར་གསོ་སྦྱོང་ལ་ཞུགས་པ་རེད།
         ཉིན་3རིང་གི་གསོ་སྦྱོང་ནང་གནས་སྦྱར་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་གཏོང་། གནད་སྨིན་དབུལ་སྐྱོར། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སོགས་ཀྱི་འབྲེལ་ཡོད་ནང་དོན་ལ་ཆེད་དོན་སློབ་སྦྱོང་བྱ་རྒྱུ་ཡིན་ཞིང་། གསོ་སྦྱོང་འཛིན་གྲྭ་མཇུག་འགྲིལ་རྗེས་གནས་སྦྱར་ལས་བྱེད་པ་ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་དོ་དམ་ཁོངས་གཏོགས་ཀྱི་དངུལ་རྩའི་ཁེ་ལས། གཞུང་ཁོངས་རྐང་འཛིན་ཁེ་ལས་བཅས་82ལ་བསྐྱོད་ནས་ལོ་1རིང་གནས་སྦྱར་སྦྱོང་བརྡར་བྱ་རྒྱུ་རེད།
         ཀྲུང་དབྱང་པུའུ་ཨུད་གསུམ་གྱི་འགན་འཁུར་བློ་མཐུན་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་གནས་སྦྱར་ལས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “འདུ་ཤེས་བཞི”བརྟན་པོ་ཆགས་པར་བྱེད་པ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། གནས་སྦྱར་སྦྱོང་བརྡར་གྱི་གཙོ་གནད་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ཆེད་ལས་ཀྱི་སྦྱོང་བརྡར་དང་། ལས་གནས་ཀྱི་སྦྱོང་བརྡར། སྤྱོད་ཚུལ་གྱི་ཞུན་བརྡར། གཟུགས་བརྙན་གཏོད་པ་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་བཏོན་པ་རེད།
         ལས་དོན་དེ་1990ལོར་སྒྲུབ་འགོ་ཚུགས་ནས་ད་བར་ལས་བྱེད་པ་9600གནས་སྦྱར་སྦྱོང་བརྡར་ལ་ཞུགས་ཡོད་ཅིང་། 2018ལོར་ལས་བྱེད་པ་ཁྱོན་522མངགས་ཏེ་གནས་སྦྱར་སྦྱོང་བརྡར་ལ་ཞུགས་པ་དང་། ཀྲུང་དབྱང་ཚན་པར་སྐྱོད་པའི་གནས་སྦྱར་ལས་བྱེད་པ་རྣམས་པེ་ཅིང་དུ་གསོ་སྦྱོང་ལ་ཞུགས་རྒྱུ་དང་། ཞིང་ཆེན་དང་གྲོང་ཁྱེར་དུ་སྐྱོད་པའི་གནས་སྦྱར་ལས་བྱེད་པས་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་གསོ་སྦྱོང་དང་ལེན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།