འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་རྒྱལ་ཡོངས་ཀྱི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མཐོ་སློབ་ཏུ་
    སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་04ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་ཐེན་ཅིང་ནན་ཁེ་སློབ་ཆེན་དུ་2018ལོའི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་མཐོ་སློབ་ཏུ་སྤེལ་འགོ་ཚུགས་པ་ལས་འདི་ལོའི་རྒྱལ་ཡོངས་ཀྱི་དམག་བསྡུའི་དྲིལ་བསྒྲགས་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།
        ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་སློབ་ཆེན་སློབ་མའི་དམག་བསྡུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྔ་རྗེས་སུ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པས། སློབ་ཆེན་སློབ་མ་ཕུལ་དུ་བྱུང་བ་ཁག་གཅིག་དམག་ལ་ཞུགས་ནས་དཔུང་སྡེའི་དམག་མིའི་གྲུབ་ཆ་ལེགས་སུ་ཕྱིན་པ་དང་། དཔོན་དམག་གི་རིག་གནས་བྱང་ཚད་མཐོ་རུ་ཕྱིན་པ། སྔོན་ཐོན་མཚོན་ཆ་སྤྱོད་ནུས་ཆེ་རུ་ཕྱིན་པ། དཔུང་སྡེའི་འཐབ་རྩོད་ནུས་པ་ཆེ་རུ་ཕྱིན་ཞིང་། དམག་དཔུང་སྟོབས་ཆེ་དང་དར་རྒྱས་གཏོང་བར་གསོན་ཤུགས་གསར་པ་སྦྱིན་ཡོད།
         2017ལོའི་ཟླ་དགུ་པར་ཨ་སི་ཧར·ནུར་ཐའེ་སོགས་ནན་ཁེ་སློབ་ཆེན་གྱི་སློབ་མ་8རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་བཅངས་ཏེ་དམག་ལ་ཞུགས་པ་རེད། ཞི་ཅིན་ཕིང་སྐུ་ངོ་མས་ཁོང་ཚོར་འཕྲིན་ལན་སྤྲིངས་ཏེ་དམག་དཔུང་ཞེས་པའི་གར་སྟེགས་ཆེན་པོ་དེར་རང་གི་འཇོན་ཐང་ངོམ་ཐུབ་པ་དང་དམག་སྒར་ཞེས་པའི་ཁྲོ་ཐབ་ཆེན་པོ་དེར་རང་ཉིད་བཙོ་སྦྱངས་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་ཁེ་སློབ་ཆེན་གྱི་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་དམག་སྐུལ་ལས་ཁུངས་དང་སློབ་གསོ་སྡེ་ཚན་མཐོ་སློབ་བཅས་ཀྱི་སྐུལ་སློང་ནུས་པ་སྐོང་འཐེན་གང་ལེགས་ཀྱིས་སློབ་ཆེན་སློབ་མ་དམག་དཔུང་ལ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་འཕེལ་ཆེད་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ་དང་སློབ་གསོ་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དམག་བསྡུའི་དྲིལ་བསྒྲགས་སློབ་གསོ་མཐོ་སློབ་ཏུ་སྤེལ་བའི་བྱེད་སྒོ་སྤེལ་བ་རེད།
        དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའུ་དང་སློབ་གསོ་པུའི་འབྲེལ་ཡོད་འགོ་ཁྲིད་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།