འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱིས་མ་རྩ་སྒོར་དུང་ཕྱུར་3.96བཏང་ནས་མཚོ་སྔོན་གྱི་ཕྱུགས་སྐྱུར་རྩྭ་འདེབས་
    ལས་གཞིར་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 17:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། རང་བྱུང་རྩྭ་ཐང་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྩྭ་ཐང་གི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་རྒྱུར་སྐུལ་འདེད་གཏོང་ཆེད། མིག་སྔར་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་དང་། ཞིང་ལས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་སྐྱུར་རྩྭ་འདེབས་ལས་གཞི་ལ་2018ལོའི་ཀྲུང་དབྱང་གི་སྔོན་རྩིས་འཆར་གཞིའི་ནང་གི་མ་རྩ་་སྒོར་ཁྲི་39589གཏོང་བའི་ཡིག་ཆ་བཀྲམ་ཡོད་ཅིང་། དེ་གཙོ་བོ་ར་བ་བསྐོར་བའི་འཛུགས་སྐྲུན་མུའུ་ཁྲི་900དང་། རྩྭ་ཐང་ལེགས་བསྒྱུར་མུའུ་ཁྲི་77  མིས་བཟོས་གཟན་རྩྭ་འདེབས་ས་མུའུ་ཁྲི་5 སྤང་ལྗོངས་ས་ནག་ཏུ་འགྱུར་བ་བཅོས་སྐྱོང་མུའུ་ཁྲི་10 དུག་རྩྭ་བཅོས་སྐྱོང་མུའུ་ཁྲི་10  གཟན་ཁང་ཁ་ར་ལྷས་སྐྱིབས་སོགས་འཛུགས་སྐྲུན་བྱེད་མཁན་དུད་ཚང་5000བཅས་ཀྱི་ལས་གཞིའི་ཕྱོགས་ལ་གཏོང་བའི་བཀོད་སྒྲིག་བྱས་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ལས་གཞི་འཛུགས་སྐྲུན་གྱི་ལས་འགན་དང་དེའི་ཐད་ལ་གཏོང་བའི་མ་རྩའི་འཆར་གཞི་རྣམས་རྫོང་ཁག་སོ་སོར་ཁག་བགོས་ཞིབ་འདོམས་བྱས་ཟིན། ལས་གཞི་དེ་ལག་བསྟར་བྱས་པ་བརྒྱུད། ལས་གཞི་སྤེལ་སའི་རྩྭ་ཐང་གི་སྐྱེས་དངོས་སླར་གསོ་བྱེད་རྒྱུ་དང་།  སྐྱེས་དངོས་ཀྱི་ཁེབས་རྒྱ་དང་གཟན་རྩྭའི་ཐོན་ཚད་ཇེ་ལེགས་སུ་གཏོང་རྒྱུ་དང་། རྩྭ་རའི་ནང་གི་རྩྭ་སྤུས་ཇེ་ལེགས་སུ་ཡོང་བའི་ཁྱབ་ཚད་ཆེ་རུ་ཟིན་རྒྱུ། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་འགྱུར་བར་བྱ་རྒྱུ་བཅས་ཀྱི་ཐད་ལ་ཕན་ཆེན་པོ་ཐོགས་ངེས་རེད། གོམ་པ་རྗེས་མ་ནི། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཐིང་གིས་གང་མགྱོགས་ཀྱིས་ཞིང་ཆེན་རིམ་པའི་ལག་བསྟར་ཇུས་གཞི་བཟོས་ནས་ས་ཁུལ་ཁག་གིས་རྫོང་རིམ་པའི་ལས་ཀའི་ཇུས་འགོད་དམ་འཛིན་བྱ་བར་སྐུལ་འདེད་བྱས་ཏེ། ལས་གཞི་སྔ་ཙམ་ནས་ལས་འགོ་འཛུགས་པར་བརྩོན་ལེན་དང་། འཛུགས་སྐྲུན་ལས་འགན་ལག་བསྟར་བྱེད་སྟངས་ཇེ་མགྱོགས་སུ་བཏང་ནས། ལས་གཞི་དེ་གང་མགྱོགས་ཀྱིས་ལེགས་འགྲུབ་ཡོང་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བྱེད་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།