འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ད་ལོ་གྲོང་ཚོ་700ལྷག་ལ་ཤིང་སྡོང་མེད་པའི་ལོ་རྒྱུས་མཇུག་རྫོགས་པར་བྱ་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་02ཉིན། 17:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ན་ནིང་བོད་ལྗོངས་ཀྱིས་ཐོག་མར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་དུ་ནགས་ཚལ་འཛུགས་འཚམ་པའི་ས་ཁུལ་དུ་ཤིང་སྡོང་འཛུགས་པའི་ལས་འགུལ་སྤེལ་ནས། ལོ་ཧྲིལ་པོར་ཤིང་ནགས་མེད་པའི་གྲོང་ཚོ་113དང་དུད་ཚང་21683 ལ་ཤིང་སྡོང་འཛུགས་སུ་བཅུག་ཅིང་། ད་ལོ་ཤིང་ནགས་མེད་པའི་གྲོང་ཚོ་700ལྷག་ལ་ཤིང་སྡོང་འཛུགས་སུ་འཇུག་རྒྱུ་ཡིན་པས། སླད་ཕྱིན་འཛམ་གླིང་ཡང་རྩེའི་གྲོང་ཚོ་རེ་རེའི་ཟུར་གང་དུའང་ཤིང་སྡོང་གིས་ལྗང་ལྟམ་མེར་འགྱུར་ཡོང་བར་བྱ་ངེས་རེད།
         ཟླ་3ཚེས་30ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་མ་དངུལ་ལོ་རེ་བཞིན་མང་དུ་བཏང་སྟེ། ན་ནིང་གནད་ལ་འཁེལ་བའི་ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་36.02ཡིན་པས། ལོ་གོང་མ་ལས་སྒོར་དུང་ཕྱུར་2འཕར་སྣོན་བྱུང་ཡོད། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་དང་ཞིང་དོར་ནགས་བཟོ། བྱེ་སྐྱོན་འགོག་བཅོས། འདམ་ས་གསོ་སྐྱོང་དང་ཉམས་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། ནགས་ཚལ་མེ་ཟོན། ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་སོགས་ནགས་ལས་ཀྱི་གཙོ་གནད་ལས་གཞིའི་འཛུགས་སྐྲུན་བརྟན་པོའི་ངང་ལག་བསྟར་བྱ་རྒྱུར་འགན་ལེན་བྱས་ཡོད། ད་ལོ་ནགས་བཟོ(བྱེ་འགོག་བྱེ་བཅོས་ཚུད་པའི)མུའུ་ཁྲི་110ཡི་ཡན་དང་། ཤིང་ནགས་མེད་པའི་གྲོང་ཚོ་754 དང་དུད་ཚང་66232ལ་ཤིང་སྡོང་འཛུགས་སུ་འཇུག་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་སྔོ་ལྗང་ཨུ་ལྷན་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་འགན་འཁྲིའི་ཡི་གེ་བཀོད་ནས། ཤིང་སྡོང་མེད་པའི་གྲོང་ཚོ་དང་དུད་ཚང་མེད་པའི་ལས་འགུལ་སྤེལ་བ་རེད། 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཤིང་འཛུགས་ནགས་བཟོ་ཤུགས་ཆེན་སྤེལ་ནས་ས་ཆ་སྔོ་ལྗང་ཅན་དུ་བསྒྱུར་བར་སྐུལ་འདེད་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་》ནང་། 2017ལོ་ནས་2019ལོའི་བར། བོད་ལྗོངས་ཀྱིས་ལོ་ལྟར་ནགས་བཟོ་མུའུ་ཁྲི་100ཡན་དུ་སླེབས་པར་བྱ་རྒྱུ་དང་།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་དུ་ནགས་ཚལ་བཟོ་འཚམ་པའི་ས་ཁུལ་དུ“ནགས་ཚལ་མེད་པའི་ཤང་གྲོང་དང་གྲོང་ཚོ། སྒོ་ར་། ཞིང་པའི་དུད་ཁྱིམ་བཅས་སུ་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་ཡིན་པར་གཏན་འཁེལ་བྱས་ཡོད་རེད། 
         རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་གྱི་ས་བབ་ཏུ་ལྗོན་ཤིང(ལོ་མ་ཕྲ་རིགས་ཀྱི་ལྗོན་ཤིང)ཡང་སྐྱེ་མི་ཐུབ་པའི་ཚད་མཚམས་རེད།
      

    ཕྱོགས་བསྡུས་གསར་འགྱུར།