འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་2པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་
    འགལ་བའི་གནད་དོན་2516ཞིབ་བཅད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་གྱིས་ཟླ་3ཚེས་26ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། 2018ལོའི་ཟླ་2པར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་2516ཞིབ་བཅད་བྱས་ཡོད་པ་དང་། མི་3590ལ་ཉེས་ཆད་བཅད་པ་རེད། དེའི་ཁྲོད་དུ་མི་2455ལ་སྲིད་དོན་ཏང་གི་སྒྲིག་ཁྲིམས་ཆད་པ་བཅད་པ་རེད།
         རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་བྱ་ཆེད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཞིང་ཆེན་དང་ཁུལ། གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་བཅས་31དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་139 ཀྲུང་དབྱང་གི་ཁེ་ལས་97 ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས་15སོགས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་འཁྱོལ་མིན་གྱི་གནས་ཚུལ་ཟླ་རེར་སྤེལ་བའི་ལམ་ལུགས་བཙུགས་ཡོད་པ་རེད།
         2018ལོའི་ཟླ་2པར་གནད་དོན་2516ཞིབ་བཅད་བྱས་ཡོད་པའི་ཁྲོད་དུ། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་666  སྒྲིག་འགལ་ངང་ལེགས་སྐྱེལ་དང་ལག་རྟགས་སྤྲད་པའི་གནད་དོན་448 སྒྲིག་འགལ་ངང་སྤྱི་སྤྱོད་རླངས་འཁོར་བེད་སྤྱད་པའི་གནད་དོན་437 སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་330 གྲ་རྒྱས་ཆེ་བའི་གཉེན་སྒྲིག་དང་འདས་མཆོད་སྒྲུབ་པའི་གནད་དོན་267 ཚད་གཞི་ལས་འགལ་བའི་ངང་མཁོ་འདོན་སྤྲད་པ་དང་དང་ལེན་བྱས་པའི་གནད་དོན། སྤྱི་དངུལ་བེད་སྤྱད་ནས་རོལ་རྩེལ་སོགས་བྱེད་སྒོ་ལ་འགྲོ་སོང་ཆེན་པོ་བཏང་བའི་གནད་དོན། སྒྲིག་འགལ་ངང་མི་སྒེར་གྱི་འདུ་འཛོམས་ལ་ཞུགས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་འགལ་གྱི་གནད་དོན་179 སྤྱི་དངུལ་བེད་སྤྱད་ནས་རྒྱལ་ནང་དུ་ཡུལ་སྐོར་འགྲོ་བའི་གནད་དོན་100 སྣེ་ལེན་ཁང་བཅས་ཀྱི་སྒྲིག་འགལ་གནད་དོན་85 སྤྱི་དངུལ་བེད་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་བའི་གནད་དོན་4བཅས་ཡོད་པ་རེད། དེའི་ཁྲོད་དུ། གཏན་འབེབས་དོན་ཚན་བརྒྱད་དང་འགལ་ནས་སྲིད་དོན་ཏང་གི་སྒྲིག་ཁྲིམས་ཆད་པ་ཕོག་མཁན་གྱི་འགོ་ཁྲིད་ནང་དུ། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་25 རྫོང་གི་ཁུལ་རིམ་པའི་ལས་བྱེད་པ་261 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་2169བཅས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།