འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱེད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱེད་སྒོ་སྤེལ་ཏེ་ལོ་ཧྲིལ་པོར་ནགས་བཟོ་མུའུ་ཁྲི་110ཡན་ལེགས་སྒྲུབ་བྱས་ཡོད། 2017ལོར་བོད་ཀྱིས་ལོ་ཧྲིལ་པོར་ནགས་བཟོ་མུའུ་ཁྲི་124དང་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་བཟོ་མུའུ་ཁྲི་12ལེགས་སྒྲུབ་བྱས་པ་དང་ཕྱོགས་ཡོངས་ནས་རང་བྱུང་ནགས་ཚལ་གཅོད་མཚམས་བཞག་པར་བརྟེན་ནགས་ཚལ་མུའུ་དུང་ཕྱུར་1.6སྲུང་སྐྱོང་ནུས་ལྡན་ཐུབ་པ་བྱུང་ཞིང་། གོང་གི་པར་རིས་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་བཀྲ་ཤིས་དུས་བཞི་གྲོང་ཚོར་དང་བླངས་པ་ཚོས་ལྕང་མ་འཛུགས་པའི་གནས་ཚུལ་ཡིན་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།