འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།2035ལོར་ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམ་བུའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་
    གཞི་རྩའི་ཆ་ནས་ཆགས་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 《ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམ་བུ་འཕེལ་རྒྱས་འཆར་འགོད་》ཉིན་ཤས་གོང་པར་འགྲེམས་བྱས་ཤིང་། འཆར་འགོད་ལྟར་ན། 2035ལོར་ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམས་བུའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་ཏེ། ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་འགྲོ་རྒྱུ་ཡིན་པའི་ཁར། འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་རྣམ་པའི་ཁྲོད་ཀྱི་གནས་བབ་སྔར་བས་བརྟན་དུ་འགྲོ་རྒྱུ་ཡིན་པ་རེད། 
         ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམ་བུ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་བརྒལ་བའི་གྲོང་ཁྱེར་ཚོམ་བུ་གལ་ཆེན་ཞིག་ཡིན་ཞིང་། འཆར་འགོད་ནང་དུ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་པ་དང་། ནུབ་བྱང་གི་སྐམ་སའི་དབུས་ཁུལ་ལ་གཞི་འཛུགས་པ། ཨེ་ཤེ་ཡ་དབུས་མ་དང་ནུབ་མར་ཕྱོགས་ནས་ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམ་བུ་དེ་རྒྱལ་ཁབ་ས་ཆ་བདེ་འཇགས་དང་སྣོད་བཅུད་བདེ་འཇགས་ལ་འདེགས་སྐྱོར་བྱེད་པ་དང་། ནུབ་བྱང་ས་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གྲོང་ཁྱེར་ཚོམ་བུ་གལ་ཆེན་ཞིག་ཏུ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། 
         ལན་ཀྲོའུ—ཟི་ལིང་གྲོང་ཁྱེར་ཚོམ་བུའི་འཆར་འགོད་ཁྱབ་ཁོངས་སུ་ཀན་སུའུ་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར་དང་། པའེ་དབྱིན་གྲོང་ཁྱེར་གྱི་པའེ་དབྱིན་ཆུས་དང་། ཕིང་ཁྲོན་ཆུས། ཅིང་ཡོན་རྫོང་། ཅིང་ཐའེ་རྫོང་བཅས། ཏིང་ཤིས་གྲོང་ཁྱེར་གྱི་ཨན་ཏིང་ཆུས་དང་། ལུང་ཤིས་རྫོང་། ཝེ་ཡོན་རྫོང་། ལིན་ཐའོ་རྫོང་བཅས། ཀ་ཆུ་ཧུད་རིགས་རང་སྐྱོང་ཀྲོའུ་ཡི་ཀ་ཆུ་གྲོང་ཁྱེར་དང་། ཏུང་ཞང་རིགས་རང་སྐྱོང་རྫོང་། ཡུང་ཅིང་རྫོང་། ཅི་ཧྲི་ཧྲན་པའོ་ཨན་རིགས་ཏུང་ཞང་རིགས་ས་ལར་རིགས་རང་སྐྱོང་རྫོང་བཅས། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཧེ་ཡན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གསེར་ཆེན་རྫོང་དང་། ཁྲི་ཀ་རྫོང་། མང་རྫོང་བཅས། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐུན་རིན་རྫོང་དང་གཅན་ཚ་རྫོང་བཅས་ཚུད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།