འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོ་ཞིང་ལས་དངུལ་ཁང་གི་འཐུས་ཚབ་ཁྲུའུ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་27ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོ་ཞིང་ལས་དངུལ་ཁང་གི་འཐུས་ཚབ་ཁྲུའུ་བཙུགས་པ་དེ་ནི་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ལྷོ་ཨ་མེ་རི་ཁར་བཙུགས་པའི་ཉིང་ལག་སྒྲིག་གཞི་ཐོག་མ་དེ་ཡིན་པ་རེད།
         ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཁྲེན་ཧྥེ་ཅེས་འགོ་ཚུགས་མཛད་སྒོའི་ཐོག་2018ལོ་ནི་ཀྲུང་གོས་ཕྱོགས་མཚམས་གསར་པར་གཞི་འཛུགས་པ་དང་དུས་རབས་གསར་པར་ཕྱོགས་པའི་མཚམས་ཚིག་གལ་ཆེན་ཞིག་རེད། མཛད་སྒོ་གཉེར་བའི་མཚམས་དེར་ཀྲུང་གོའི་ཚོང་ལས་དངུལ་ཁང་ཆེ་གྲས་ལྔ་པར་ཙིར་དུ་འཛོམས་ནས་མཐུན་སྒྲིལ་མཉམ་སྐྱོད་བྱས་ཏེ་དུས་རབས་གསར་པའི་རིམ་སྤོར་དཔར་གཞི་ཀྲུང་གོ་དང་པར་ཙིར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཀྲུང་གོའི་མ་འཇོག་ཁེ་ལས་ཕྱི་རྒྱལ་དུ་འཕེལ་རྒྱས་བྱུང་བ་དེ་དངུལ་རྩའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། དངུལ་རྩའི་སྒྲིག་གཞི་ལྔ་པོས་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་པར་ཙིར་གྱི་ལས་རིགས་གཅིག་པ་དང་ལེགས་གྲས་མཉམ་འབྲེལ་བྱས་ཏེ་ཀྲུང་གོའི་མ་འཇོག་ཁེ་ལས་པར་ཙིར་དུ་གཉེར་སྐྱོང་འཕེལ་རྒྱས་ཡོང་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།