འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།།ཨུ་རུ་སུའི་གྲོང་ཁྱེར་ཞིག་གི་ཚོང་ར་ལྟེ་གནས་མེ་སྐྱོན་བྱུང་ནས་མི་37རྐྱེན་ལམ་དུ་ཤོར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།།ཨུ་རུ་སུའི་གྲོང་ཁྱེར་ཞིག་གི་ཚོང་ར་ལྟེ་གནས་མེ་སྐྱོན་བྱུང་ནས་མི་37རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན།  ཟླ་3ཚེས་25ཉིན། ཨུ་རུ་སུའི་ཤིས་པོའོ་ལི་ཡ་ལྷོ་རྒྱུད་གྲོང་ཁྱེར་ཁེ་མེན་ལའོ་ཝོ(Кемерово)ཡི་ཚོང་ར་ལྟེ་གནས་ཤིག་མེ་སྐྱོན་ཚབས་ཆེན་ཤོར་བ་དང་། མི་37རྐྱེན་ལམ་དུ་ཤོར་ཡོད་པ་རེད།
         ཐཱ་སི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུ་མཉམ་འབྲེལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས། ཚོང་ར་ལྟེ་གནས་འདི་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་37ཟིན་ཡོད་པ་དང་། གཞན་ཡང་། མེ་སྐྱོན་ཤོར་བ་ལས་མི་43ལ་རྨས་སྐྱོན་ཕོག་ཡོད་པ་དང་། མི་70ཙམ་ག་སོང་ཆ་མེད་དུ་གྱུར་ཡོད་པ་བདེན་དཔང་བྱེད་ཡོད་པ་རེད།
         ཐཱ་སི་གསར་འགྱུར་ཁང་གི་ཁེ་མེན་རོ་ཝོ་མངའ་སྡེའི་འཕྲོད་སྟེན་ཅུས་ཀྱི་ཅུས་ཀྲང་གྱི་གཏམ་འདྲེན་ནས་གནས་འཕྲིན་སྤེལ་དོན། རྨས་སྐྱོན་ཕོག་པའི་མི་36སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།