འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གི་སྙིང་སྟོབས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་26ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་དབྱང་གི་སྙིང་སྟོབས།
         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་9ཚེས་25ཉིན། གྲགས་ཅན་གྱི་རྩི་ཤིང་རིག་པ། ཧྥུའུ་ཏན་སློབ་གྲྭ་ཆེན་མོའི་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་ཀྲུང་དབྱང་ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་དུ་ལས་ཀར་འགྲོ་བའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་དང་འཕྲད་ནས། དགུང་ལོ་53སླེབས་པའི་རྒན་ལགས་ཁོང་གི་ཚེ་སྲོག་མཇུག་སྒྲིལ་བ་རེད། ཁོང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིན་6000ལྷག་ཡོད་པའི་ཇོ་མོ་གླང་མའི་བྱང་རྒྱུད། རྩི་ཤིང་རིག་པ་ཚོས་རྩི་ཤིང་མ་དཔེ་བསྡུ་རུག་བྱ་ཡུལ་ཆེས་མཐོ་བའི་མཐོ་ཚད་བར་དུ་འཛེགས་མྱོང་ཞིང་། ལོ་16གི་རིང་ལ་སྤྱི་ལེ་ཁྲི་50བར་དུ་བསྐྱོད་ཅིང་། ལོ་རེའི་ཉིན་100ལྷག་ལ་ཆེས་མཐའ་ཁུལ་དང་། ཐང་རྒོད། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བགྲོད་མྱོང་པ་དང་། ཁོང་གིས་ཚོགས་པ་ཁྲིད་ནས་ས་བོན་ཁྲི་4000བསྡུ་གསོག་བྱས་ཡོད་ལ། འཛམ་གླིང་ཡང་རྩེའི་སྐྱེ་དངོས་ཀྱི"རྩིས་ཐོ"ཡི་གྲངས་ཀ་ཞིབ་བཤེར་བྱས་ཡོད་པ་རེད། 
    【1】  【2】  【3】
    ༄༅།།ཀྲུང་དབྱང་གི་སྙིང་སྟོབས།
      

    ཕྱོགས་བསྡུས་གསར་འགྱུར།