འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཨེ་ལེ་ཀང་ཀྲོའུ་ཡིས་ཀྲུང་གོ་དང་ཉོ་ཚོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྐབས་བརྒྱད་པའི་ཨ་རིའི་ཨེ་ལེ་ཀང་ཀྲོའུ་དང་ཀྲུང་གོའི་དཔལ་འབྱོར་གླེང་སྟེགས་ཉིན་ཤས་གོང་ཨེ་ལེ་ཀང་ཀྲོའུ་རུ་འཚོགས་པ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི་150ལྷག་ཙམ་གྱིས་གང་འདྲ་བྱས་ཏེ་ཕྱོགས་གཉིས་ཀའི་ཉོ་ཚོང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་བསྡུར་བྱས་པ་དེ་ཐོག་ནས་ཨེ་ལེ་ཀང་ཀྲོའུ་ཡིས་ཀྲུང་གོ་དང་ཉོ་ཚོང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ཆོད་སེམས་དང་སྤྲོ་སེམས་མཚོན་ཡོད།
         ཨེ་ལེ་ཀང་ཀྲོའུ་ཡི་ཀྲོའུ་དོན་བློན་ཆེན་ཟླ་ཉི་སི·ཁྲ་ལི་སེན་གྱིས་ཀྲུང་གོ་ནི་ཀྲོའུ་འདིའི་ཕྱིར་གཏོང་ཁྲོམ་ར་དང་པོ་དེ་ཡིན་པས་ཨེ་ལེ་ཀང་ཀྲོའུ་ཡིས་ཀྲུང་གོ་འདི་ཉིད་མཉམ་ལས་རོགས་ཟླ་གལ་ཆེན་ལ་བརྩིས་བ་མ་ཟད། ཀྲུང་གོའི་མ་འཇོག་མཁན་དང་ཡུལ་སྐོར་བར་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་དཔལ་འབྱོར་ཚོང་དོན་ཚན་ཙན་དབྱང་དབྱི་ཧང་གིས་ཟླ་11པར་ཧྲང་ཧའེ་རུ་འཚོག་རྒྱུའི་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཏེ་ཨེ་ལེ་ཀང་ཀྲོའུ་ཡི་ཁེ་ལས་དེའི་ནང་ཧུར་ཐག་ཞུགས་པ་དང་འབྲེལ་མཐོ་རིམ་ལས་སྟེགས་དེ་སྤྱད་ནས་ཀྲུང་གོའི་དབར་གྱི་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་བྱས་པ་རེད།
         2017ལོར་ཨེ་ལེ་ཀང་ཀྲོའུ་ཡི་གྲོས་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ཀས་ཀྲུང་གོའི་དབར་གྱི་ཉོ་ཚོང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཐུན་མོང་གྲོས་ཆོད་ལ་གྲོས་འཆམ་བྱས་པས་ཨེ་ལེ་ཀང་ཀྲོའུ་འདི་ཉིད་ཨ་རིའི་ཁྲིམས་འཛུགས་སྒྲིག་གཞིས་གྲོས་ཐག་གཅོད་པའི་རྣམ་པའི་ཐོག་ནས་ཀྲུང་གོ་དང་ཉོ་ཚོང་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱས་པའི་ཀྲོའུ་དང་པོ་དེ་ཡིན་པ་རེད། ཀྲོའུ་འདིས་ལོ་མང་རིང་ཀྲུང་གོ་དང་ཉོ་ཚོང་གི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་བས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་ངང་འཕར་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།