འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་མི་ཆོས་དུས་བབ་ཞི་ལྷོད་དུ་གཏོང་
    རྒྱུར་འབད་བརྩོན་བྱས་པར་བསྔགས་བརྗོད་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་མཱ་ཁྲའོ་ཤུས་ཀྱིས་ཀྲུང་གོ་ཕྱོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་དྲུང་ཆེས་སི་རི་ཡའི་འབྲེལ་ཡོད་ས་ཁུལ་གྱི་མི་ཆོས་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་དུས་མཚུངས་གྲོས་ཆོད་ཨང་2401ལག་ལེན་ཏན་ཏིག་བསྟར་ཐུབ་པ་བྱེད་དགོས་པའི་ནན་བཤད་ཀྱང་གནང་ཡོད།
         ཟླ་3ཚེས་12ཉིན་འཚོགས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་མི་ཆོས་ཀྱི་གནད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཱ་ཁྲའོ་ཤུས་ཀྱིས་ཀྲུང་གོས་སྔར་ནས་བཟུང་སི་རི་ཡའི་མི་དམངས་ལ་རོགས་རམ་ཧུར་ཐག་བྱེད་ཀྱི་ཡོད། ཟླ་གོང་མར་ཀྲུང་གོས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་བརྒྱུད་སྔར་བས་རོགས་རམ་བྱས་ཏེ་སི་རི་ཡའི་མངའ་ཁོངས་ནང་གི་ཡུལ་གྱར་བར་ཆུ་དང་། བཟའ་བཅའ། སྨན་བཅོས་ཞབས་ཞུ། སྡོད་ས་སོགས་མཁོ་འདོན་བྱས་ཡོད། ཉེས་མེད་མི་སེར་ལ་དམིགས་ནས་སྤྱད་པའི་དྲག་ཤུགས་བྱེད་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་གནས་ཚུལ་དེ་འདྲ་མུ་མཐུད་ཐོན་དུ་འཇུག་མི་རུང་ཞེས་གསུངས་ཡོད།
         ཁོང་གིས་ཟླ་2ཚེས་24ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕྱོགས་ཁག་གིས་ལྟ་བ་མི་མཐུན་པ་དོར་ཏེ་གྲོས་ཆོད་ཨང་2401ལ་གྲོས་འཆམ་བྱས་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་སི་རི་ཡའི་དམག་འཁྲུག་འཚམས་འཇོག་བྱ་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་གསུངས།
         མཱ་ཁྲའོ་ཤུས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རང་ངོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་འདོན་སྤེལ་བྱས་ནས་གྲོས་ཆོད་ཨང་2401ལག་ལེན་ཏན་ཏིག་བསྟར་ཐུབ་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།