འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་དང་ཧྥ་རན་སེས་བསྐྱར་སྐྱེས་ནུས་རྒྱུའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  《རྒྱ་གར་སི་ཐན་སྐབས་དོན་ཚགས་པར་》ཐོག་ཉིན་ཤས་གོང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་ཙུང་ལི་མོ་ཏེ་དང་རྒྱ་གར་དུ་འཚམས་འདྲི་བྱེད་བཞིན་པའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གཉིས་ཀྱིས་རྒྱལ་ཁབ་གཉིས་པོས་ཉི་ནུས་སོགས་ནུས་རྒྱུ་གཙང་མའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ནུས་རྒྱུ་གསར་སྤེལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཟླ་3ཚེས་11ཉིན། མོ་ཏེ་དང་མ་ཁེ་ལུང་གཉིས་ཀྱིས་རྒྱལ་སྤྱིའི་ཉི་ནུས་མནའ་འབྲེལ་བཙུགས་པའི་ཚོགས་ཆེན་ཐུན་མོང་ཐོག་གཙོ་སྐྱོང་བྱས་པ་རེད། མོ་ཏེས་ཚོགས་འདུའི་ཐོག་2022ལོར་སླེབས་སྐབས་རྒྱ་གར་གྱིས་ཉི་ནུས་དང་རླུང་ནུས་ལ་བརྟེན་ནས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུས་གློག་འདོན་ཚད་ཝ་དུང་ཕྱུར་1750ཟིན་ནས་མིག་སྔ་ལས་ལྡབ་གཅིག་ཡན་འཕར་རྒྱུ་དང་ད་དུང་ཉི་ནུས་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་ནས་ཉི་ནུས་གསར་བརྗེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་གཏོང་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
         མ་ཁེ་ལུང་གིས་2022ལོ་བར་ཧྥ་རན་སེས་ཨ་སྒོར་དུང་ཕྱུར་8.615བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དངུལ་བུན་གཡར་བ་དང་ཞལ་འདེབས་བརྒྱབ་སྟེ་ཉི་ནུས་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་དང་བེད་སྤྱོད་གཏོང་རྒྱུར་སྐུལ་མ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན། འཛམ་གླིང་གིས་ཉི་ནུས་ཀྱི་གལ་ཆེན་རང་བཞིན་ཐད་གོ་བ་ལོན་ཤུགས་ཆེ་རུ་ཤུགས་ཆེན་ཕྱིན་རུང་ད་དུང་ལས་ཀ་མང་པོ་ཞིག་སྔར་བཞིན་བྱེད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད།
         ཟླ་3ཚེས་9ཉིན་མ་ཁེ་ལུང་རྡི་ལི་གསར་པར་འབྱོར་ནས་རྒྱ་གར་ལ་འཚམས་འདྲི་བྱས་པ་དེ་ནི་མ་ཁེ་ལུང་གིས་ཙུང་ཐུང་གི་འགན་བཞེས་རྗེས་རྒྱ་གར་ལ་འཚམས་འདྲི་ཐོག་མ་དེ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།