འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ལན་ཁའི་ཙུང་ལིས་སི་ཀྲུང་གི་རྣམ་གྲངས་ཆེ་མོའི་མཉམ་ལས་ཀྱི་དཀའ་ངལ་དངོས་སེལ་
    འདོད་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སི་རི་ལན་ཁའི་ཙུང་ལི་ཝེ་ཁེ་ལེ་མ་ཤིན་ཧ་ཡིས་ཉེ་ཆར་སི་ཀྲུང་ཐུན་མོང་གཞུང་ལས་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ཁྲོད་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་རྣམ་གྲངས་ཆེ་མོའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད་སི་ཀྲུང་གི་རྣམ་གྲངས་ཆེ་མོའི་མཉམ་ལས་ཀྱི་དཀའ་ངལ་དངོས་སེལ་འདོད་ཡོད་ཅེས་གསུངས་པ་རེད།
         ཝེ་ཁེ་ལེ་མ་ཤིན་ཧ་ཡིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དམངས་ཚོགས་དཀྱུས་མ་སྔར་ལས་མང་བར་ཕན་འདོགས་རྒྱུའི་རེ་བ་ཡོད་ཅེས་གསུངས་ཤིང་། ཁོང་གིས་སི་རི་ལན་ཁ་ཕྱོགས་ཀྱིས་སི་ཀྲུང་གི་རྣམ་གྲངས་ཆེ་མོའི་མཉམ་ལས་ཀྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དཀའ་ངལ་དངོས་ཀྱི་གསལ་ཐོར་མཐོང་ཆེན་བྱས་ཏེ་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྣམ་གྲངས་ཀྱི་མཉམ་ལས་ལ་ཤུགས་སྣོན་ཆེན་པོ་རྒྱག་རྒྱུ་མ་ཟད་སྲིད་གཞུང་གི་རིམ་མཐོའི་ཨུ་ཡོན་ལྷན་ཁང་དང་ལྷོ་ཕྱོགས་འཕེལ་རྒྱས་པུས་སྡེ་ཚན་ཁག་དང་མཐུན་སྦྱོར་གྱིས་ཧན་པན་ཐུའོ་ཐ་ཡི་ཕྱོགས་བསྡུས་འཕེལ་རྒྱས་རྣམ་གྲངས་སོགས་རྣམ་གྲངས་ཆེ་མོའི་མཉམ་ལས་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་མ་གཏོང་བ་དང་དེར་གྲུབ་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་སི་རི་ལན་ཁའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་པ་བྱ་རྒྱུ་ཡིན་ཞེས་གསུངས།
         སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཞུའེ་ཡོན་གྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་དང་ལྷག་པར་དུ་རྣམ་གྲངས་ཆེ་མོའི་མཉམ་ལས་ནི་ཀྲུང་སིའི་འབྲེལ་བའི་རྨང་རྡོ་ལྟ་བུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་རྒྱལ་ཁབ་གཉིས་པོའི་རྣམ་གྲངས་ཆེ་མོའི་མཉམ་ལས་མགྱོགས་མྱུར་དོན་འཁྱོལ་བྱས་ནས་འབྲས་བུ་སྔ་ཙམ་ཐོབ་རྒྱུའི་བརྩོན་ལེན་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།