འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དུ"ཀྲུང་གོའི་རླབས་རྒྱུན"འཕྱུར། 

    ཝུའེ་ཝུའེ་ཡིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལོ་ལྔའི་གོང་ངས་གཞོན་ནུ་ཞིག་ལ་བཅར་འདྲི་བྱས་པ་ཡིན། སྐབས་དེ་དུས་ཁོང་གྲོང་གསེབ་ནས་པེ་ཅིང་དུ་ལས་མི་བྱེད་པར་ཡོང་བ་དང་དངོས་ཟོག་རྙིང་པ་བསྡུས་ནས་འཚོ་ཐབས་བྱེད་ཀྱི་འདུག ཟླ་རེར་སྒོར་1500ལས་མ་བྱུང་ཡང་ད་དུང་ཕྱེད་ཀ་ནང་ལ་བསྐུར་དགོས་ཀྱི་ཡོད། ཁོང་གི་འདུན་པ་ཆེ་ཤོས་ནི་འཁོར་གསུམ་རྐང་འཁོར་བཞོན་ནས་དགའ་རོགས་འཁྲིད་དེ་ཉིའུ་གཡོད་ཀྱི་སྐབས་བསྟུན་ཚགས་པར་ཐང་ཆེན་ལ་སྐོར་ཙམ་བྱ་རྒྱུ་དེ་ཡིན།
         པོ་ཧྲེ་ཏུན་ནས་པེ་ཅིང་དུ་ལོག་པའི་གནམ་གྲུའི་ཐོག་ང་ལ་ཨ་རིའི་བགྲེས་སོང་ཞིག་འཕྲད་བྱུང་། ཁོང་གིས་ང་ལ་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་འདུག པེ་ཅིང་དུ་འབྱོར་རྗེས་ང་དང་ནང་མིས་ཁོང་གསོལ་མགྲོན་ཁང་དུ་བསྐྱལ་བ་ཡིན། ལམ་བར་དུ་ཁོང་གིས་ངའི་མདུན་དུ་ཕྱིན་ནས་ངའི་པཱ་ལགས་ཀྱི་རྗེས་ཟིན་པ་བྱས། ད་དུང་ང་ལ་ཕྱིར་བལྟས་སློག་ནས“བློ་མཐུན་ཞའོ་ཕིང་གིས་རྒྱང་སྐྱོད་གནང་སྐབས་གང་གནང་བ་ཁྱེད་ཀྱིས་ཤེས་སམ། ང་ད་ལྟ་ཁོང་ལྟར་རྗེས་སུ་འགྲོ་ཡི་ཡོད”ཅེས་བཤད་བྱུང་། རྗེས་སུ་ངས་ཁོང་ལ་ཆེད་དོན་བཅར་འདྲི་བྱེད་སྐབས་ཁོང་གིས་ཕྱི་རྒྱལ་བ་དང་ལྷག་པར་དུ་ཕྱི་རྒྱལ་གྱི་གཞོན་ནུ་དེ་བས་མང་བས་ཀྲུང་གོར་བལྟ་ཙམ་བྱེད་པར་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
         གོང་གི་མི་དེ་གཉིས་ནང་ལོ་ན་གཞོན་པ་དེ་འཛམ་གླིང་ལ་བལྟ་བར་འགྲོ་འདོད་ཆེན་པོ་ཡོད་པ་དང་ལོ་ན་བགྲེས་པ་དེས་ངལ་དུབ་ལ་མ་འཛེམས་པར་ཀྲུང་གོར་ཡོང་། ལོ་ལྔའི་ནང་གཞོན་ནུ་དེས་ལས་ཀ་ནས་དོན་ཏེ་ལས་གཏོད་བྱས། ཁོང་གིས་དྲ་སྦྲེལ་གྱི་ལས་སྟེགས་ལ་བརྟེན་ནས་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་ལ་བཙོངས་ནས་འཁོར་གསུམ་རྐང་འཁོར་ཐོག་གི“མྱུར་ཚད་དང་སྤྲོ་སེམས”མངོན་འགྱུར་བྱུང་། འོན་ཀྱང་ལོ་87ལ་སླེབས་པའི་བགྲེས་སོང་དེ་ཉེ་དུས་སླར་ཡང་ཀྲུང་གོར་ཡོང་། ཁོང་གི་མིང་ལ་ཧྥུའུ་ཀའོ་དབྱི་ཟེར་བ་དང་ཁོང་ནི་ཧ་ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་《ཏེང་ཞའོ་ཕིང་གི་དུས་རབས་》ཞེས་པའི་དེབ་ཀྱི་རྩོམ་པ་པོ་ཡིན།
         མི་ལ་ལས་འཛམ་གླིང་ལ“ཀྲུང་གོའི་རླབས་རྒྱུན”འཕྱུར་ཡོད་ཅེས་བརྗོད་ཀྱི་ཡོད། དངོས་གནས་དེ་ལྟར་ཡིན། ད་ལྟའི་འཛམ་གླིང་དེ་ཀྲུང་གོ་དང་ལོ་རྒྱུས་ཐོག་གི་དུས་གང་རུང་ཞིག་ལས་ཉེ་བ་ཡོད་མོད། འོན་ཀྱང་ང་ཚོས་དེ་བས་ཏན་ཏན་ཏིག་ཏིག་བྱེད་དགོས། ང་ཚོ་ནི“ཉེན་ཁ་དང་གོད་ཆག”ཁྲོད་ནས་ཡོང་བ་ཞིག་དང་། “དབུལ་པོ་དབུལ་རྐྱང”ནས་ཕྱུག་པོ་ཆགས་པ་ཞིག “འཛམ་གླིང་ནས་ཕྱིར་འབུད་གཏོང་གྲབས”ཡོད་པ་ནས་སྟོབས་ཆེར་གྱུར་པ་ཞིག་ཡིན་པ་ཤེས་དགོས། དེ་སྔ་མིའི་རྗེས་སུ་འགྲོ་བ་དང་ད་ཆ་མི་གཞན་ང་ཚོའི་རྗེས་སུ་ཡོང་གི་ཡོད། ལམ་བར་གྱི་དཀའ་ཚེགས་དེ་ང་ཚོས་བློ་ལ་བརྟན་པོར་ངེས་དགོས།
         “གསར་འགོད་པ་ཞིག་གི་ངོས་ནས་དུས་རབས་དེར་ཁྱེད་ཚོས་གང་ཞིག་སྒྲུབ་ཐུབ་བམ”ཞེས་མི་ལ་ལས་ང་ལ་སྐད་ཆ་དྲིས་མྱོང་། དེང་གི་ཀྲུང་གོས་ལོ་རྒྱུས་ཐོག་གི་རྔམ་བརྗིད་དང་དམིགས་བསལ་ཆེ་ཤོས་ཀྱི་ལག་ལེན་གསར་གཏོད་བརྒྱུད་བཞིན་ཡོད། འདི་ནི་བསམ་བློ་དགོས་པ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ཀྱི་བསམ་བློ་ཐོན་ཐུབ་པའི་དུས་རབས་ཤིག་ཡིན་ལ་འབོད་སྒྲ་དགོས་པ་དང་འབྲེལ་འབོད་སྒྲ་ཆེན་པོ་ཐོན་ཐུབ་པའི་དུས་རབས་ཤིག་ཀྱང་ཡིན། དེ་དང་དུས་མཚུངས་འདི་ནི་གསར་འགོད་པ་དགོས་པ་དང་འབྲེལ་རླབས་ཆེན་གྱི་གསར་འགོད་པ་ཐོན་ཐུབ་པའི་དུས་རབས་ཤིག་དེ་བས་ཡིན། དུས་རབས་འདིར་ངའི་ལས་རིགས་གཅིག་པ་ཚོར་སྔར་བཞིན་ཕུགས་བསམ་ཡོད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། དེས་ན་འཛམ་གླིང་གིས་ཀྲུང་གོའི་འགན་འཁྲི་འཁུར་ཐུབ་པ་མཐོང་ཐུབ་ལ་སྲིད་ཇུས་བཟོ་མཁན་གྱིས་འབད་བརྩོན་གྱི་ཁ་ཕྱོགས་མཐོང་ཐུབ་པ་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྔ་ཕྱི་བར་གསུམ་དུ་ཡོད་པ་བྱེད་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།