འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"ཚོགས་ཆེན་གཉིས"ཀྱི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་བྱས། མི་དམངས་ཆེད་དུ་
    རྩྭ་ཐང་རིག་རྩལ་འཁྲབ་སྟོན་བྱས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་25ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།'ཚོགས་ཆེན་གཉིས'ཀྱི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་བྱས། མི་དམངས་ཆེད་དུ་
རྩྭ་ཐང་རིག་རྩལ་འཁྲབ་སྟོན་བྱས།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་22ཉིན། ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོར་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཝུའུ་ལན་མུའུ་ཆི་རིག་རྩལ་ཡན་ལག་རུ་ཆུང་གིས་རླངས་འཁོར་བཏང་ནས་ལམ་ཐག་སྤྱི་ལེ་400ལྷག་ཟིན་པའི་ཝུའུ་ལ་ཐེ་ཀྲུང་ཆི་ཝུན་ཀེན་གྲོང་རྡལ་ཤིས་རི་ཁྲའོ་ལུའུ་ཀ་ཁྲ་དང་ཝུའུ་ལ་ཐེ་ཆན་ཆི་སྤྱི་བདེ་ཅུས་ཤིན་ཨན་མངགས་གཏོང་ཁང་དུ་སྔ་རྗེས་སུ་བསྐྱོད་པ་དང་། ས་ཆ་གཉིས་ཀྱི་ཝུའུ་ལན་མུའུ་ཆི་དབར་མཉམ་ལས་བྱས་ཏེ་རིག་རྩལ་འཁྲབ་སྟོན་བྱས་པའི་རྣམ་པ་བརྒྱུད། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མི་རིགས་ཁག་གི་མང་ཚོགས་ལ་འཚམས་འདྲི་ཞུས་ནས་ཚང་མར་རིག་གནས་ཀྱི་བསམ་པའི་སྟོན་མོ་ཞིག་བཤམས་པ་རེད། གོང་གི་པར་རིས་ནི་ཟླ་3ཚེས་22ཉིན་ཝུའུ་ལན་མུའུ་ཆི་རིག་རྩལ་ཡན་ལག་རུ་ཆུང་གི་རུ་མིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མི་རིགས་ཁག་གི་མང་ཚོགས་ལ་ཞབས་བྲོ་འཁྲབ་བཞིན་པ་རེད།
         འཁྲབ་སྟོན་མ་བྱས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཝུའུ་ལ་ཐེ་ཆན་ཆིའི་སོག་རིགས་སློབ་ཆུང་གི་དགེ་རྒན་ན་རེན་ཐུའུ་ཡས་ཉེན་རྟོག་སྒར་ཁུལ་དང་ཀ་ཁྲར་བསྐྱོད་ནས་མི་དམངས་ཉེན་རྟོག་པ་དང་འབྲོག་པ་རྣམས་ལ་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།