འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུས་ཀུང་གི་སྙིང་སྟོབས་ལ་བརྟེན་ནས་མཁྲེགས་སར་གཏུགས་ཕོད་པ་བྱེད་དགོས།

    —— འཐུས་མི་ཚོས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཚོག་བཞིན་པའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ནང་སོག་གི་འཐུས་མི་ཚོགས་པའི་འཐུས་མིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་གྲོས་བསྡུར་འཁྲུག་པོ་གནང་ནས་ཚང་མས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་ལེན་དགོས་ན་ངེས་པར་དུ་ཡུས་ཀུང་གི་སྙིང་སྟོབས་དང་རྒྱལ་ཐུབ་པའི་ཡིད་ཆེས་ཀྱིས་གནད་སྨིན་ཤུགས་འདོན་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་ཐུབ་པ་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སོག་ཤིན་ཨན་མོང་གི་མོང་ཀྲང་ཆི་པ་ཐུའུ་ཡིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་འགྲིམ་འགྲུལ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཞན་པ་དང་རང་བྱུང་གྲོང་ཚོ་ཁག་གི་འགྲོ་ལམ་ད་དུང་ས་ལམ་དང་བྱེ་ལམ་ཡིན་པས“མཐའ་མའི་འགག་གནད”དེ་ལས་སྒྲོལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་དང་། ཡང་ཁོང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་མི་འབོར་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཚོང་ཟོག་འགྲོ་རྒྱུག་གི་ཁོར་ཡུག་ལེགས་སུ་གཏོང་བ། མི་འབོར་དབུལ་པོའི་རང་བརྟེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཆི་པ་ཐུའུ་ཡིས་ད་དུང་ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་སྤྱི་ཚོགས་བྱ་གཞག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་ངེས་ཡིན་པ་དཔེར་ན། ཤིན་ཨན་མོང་གི་མི་འབོར་དབུལ་པོ་ཁྲི་4.9ཡི་ཁྲོད་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་ཚད་ཕྱེད་ཀ་ཡན་ཟིན་གྱི་ཡོད་པ་དེ་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཆེ་ཤོས་ཤིག་ཡིན་པ་ལྟ་བུ་རེད། མི་འབོར་དབུལ་པོའི་རིག་གནས་ཀྱི་བྱང་ཚད་ཡོངས་ཁྱབ་ངང་དམའ་བ་དང་འཚོ་བའི་གོམས་གཤིས་ཡག་པོ་མེད་པ་དེ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་། ཡང་ཁོང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་སློབ་གསོའི་དབུལ་སྐྱོར་དང་། བདེ་ཐང་གི་དབུལ་སྐྱོར། འཚོ་བའི་འགན་ལེན་མཐའ་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་པོར་བསྐྱར་ལོག་ཚོད་འཛིན་དང་མི་འབོར་དབུལ་པོའི་ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནང་སོག་ཤིས་ལིང་ཀུའུ་ལེ་མོང་ཐེ་ཀུང་ཕའོ་ཙེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་གོ་ཆིང་གིས“ཤིན་ཏུ་དབུལ་བའི་ས་ཁུལ་གྱིས་བློ་སྐྱོར་དང་རིག་སྐྱོར་གྱི་ལས་དོན་ཡག་པོ་སྤེལ་ནས་མང་ཚོགས་དབུལ་པོའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་མང་ཚོགས་དབུལ་པོའི་སྣེ་ཁྲིད་དེ་བྱེད་པོའི་འདུ་ཤེས་འཛུགས་པ་དང་རང་ཐག་རང་གཅོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བའི་ཁོང་ཚོའི་ངར་ཤུགས་དང་ཆོད་སེམས་འཕེལ་བར་བྱས་ཏེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་དུ་འཇུག་དགོས”ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།