འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཀྲང་ཀྲེ་ཡུང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར"ཁུང་
    ཙིའི་མིང་བྱང"ཡག་པོ་གཏོད་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 16:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ལ་མང་ཚོགས་དེ་བས་མང་བས་མཐོང་ཆེན་དང་དོ་ཁུར་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཏུང་ཞིང་ཆེན་སློབ་གསོ་ཐིང་གི་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲང་ཀྲེ་ཡུང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར“ཁུང་ཙིའི་མིང་བྱང”ཡག་པོ་བཏོད་དེ་ཁུང་ཙིའི་ཕ་ཡུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ལེགས་ཆར་བརྟེན་ནས་རུའུ་ལུགས་རིག་པ་ཞིབ་འཇུག་དང་། བརྒྱུད་བསྒྲགས། དར་སྤེལ་བཅས་དེ་བས་ཡག་པོ་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད།
    ཀྲང་ཀྲེ་ཡུང་གིས་ཁུང་ཙི་ནི་རུའུ་ལུགས་རིག་གནས་ཀྱི་སྲོལ་གཏོད་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་ལ་རྒྱལ་སྤྱིའི་སྤེལ་རེས་དང་འགྲན་རྩོད་ཁྲོད་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་ཆེ་ཤོས་དང་། མཛའ་ཤུགས་ཆེ་ཤོས། ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་བཅས་ལྡན་པའི་དཔེ་མཚོན་ཞིག་ཀྱང་ཡིན་པས“ཁུང་ཙིའི་མིང་བྱང”ཡག་པོ་གཏོད་ཚེ་རྒྱལ་ཁབ་ཕྱི་ནང་དུ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་དང་ཁྱབ་སྤེལ་སྔར་བས་ལེགས་པ་བྱ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་གནང་གི་ཡོད།
         “ཁུང་ཙིའི་མིང་བྱང”ཡག་པོ་གཏོད་ཆེད། ཀྲང་ཀྲེ་ཡུང་གིས་ཆུས་ཕུའུ་དགེ་འོས་སློབ་ཆེན་དང་ཁུང་ཙི་ཞིབ་འཇུག་ཁང་སོགས་རྨང་གཞིར་བྱས་ནས“ཁུང་ཙི་སློབ་ཆེན”བཙུགས་ཏེ་སློབ་གསོ་སློབ་ཁྲིད་དང་། རིག་གཞུང་ཞིབ་འཇུག ཤེས་ལྡན་པ་གཅིག་སྡུད། ཕྱི་ཕྱོགས་ལ་སྤེལ་རེས་སོགས་ཀྱི་ཐད་མཐོ་སློབ་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།