འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུ་ཅིང་ལ་ཨུ་རུ་སུའི་སྲིད་འཛིན་འདེམས་བསྐོ་ནང་རྒྱབ་སྐྱོར་མང་པོ་ཐོབ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕུ་ཅིང་ལ་ཨུ་རུ་སུའི་སྲིད་འཛིན་འདེམས་བསྐོ་ནང་རྒྱབ་སྐྱོར་མང་པོ་ཐོབ་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན། ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ལྷན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཅིང་ལ་འདེམས་ཤོག་75.91%ཐོབ་ཡོད་ཚུལ་བརྗོད་པ་རེད། ཕུ་ཅིང་གིས་འདེམས་དམངས་ལ་བཀའ་དྲིན་ཆེ་ཞུ་བ་དང་། འབད་པ་ལྷོད་མེད་བྱས་ཏེ་ཨུ་རུ་སུ་ལ་འཕྲད་པའི་དཀའ་ཁག་སེལ་ཐབས་བྱེད་པ་དང་། རྒྱལ་ཁབ་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱ་ངེས་ཡིན་ཚུལ་བསྟན་པ་རེད།
          ཚེས་18ཉིན་གྱི་དགོང་མོའི་གསར་འགོད་པའི་ཚོགས་འདུ་ཐོག ཕུ་ཅིང་གིས"དེ་རིང་། ཨུ་རུ་སུའི་འདེམས་དམངས་ཡོད་ཚད་ནི་ཚོགས་པ་གཅིག་ཡིན།" "འདེམས་དམངས་ཀྱི་གདམ་གསེས་ཁྲོད་དུ། ང་རང་གིས་ཉེ་བའི་ལོ་ཤོས་རིང་ལ། ཨུ་རུ་སུ་ཡིས་དཀའ་ཁག་འོག་འབད་པ་ལྷོད་མེད་བྱས་པར་ཁས་ལེན་བྱས་ཡོད་པ་མཐོང་ཡོད་ལ། འདེམས་དམངས་ཚོའི་ཡིད་ཆེས་དང་ཨུ་རུ་སུའི་གྲུབ་འབྲས་སྔར་ལས་ལྷག་པ་ལེན་པར་རེ་སྒུག་ཡོད་པ་མཐོང་ཡོད།" "ང་ཚོར་རྒྱལ་ཁ་ཐོབ་ངེས་ཡིན"སོགས་བསྟན་པ་རེད།
    ༄༅།།ཕུ་ཅིང་ལ་ཨུ་རུ་སུའི་སྲིད་འཛིན་འདེམས་བསྐོ་ནང་རྒྱབ་སྐྱོར་མང་པོ་ཐོབ་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།