འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཆིང་དབྱིན་ལིང་གིས་གསོ་ཚགས་འགན་བཅོལ་དང་ནད་ཕོག་པའི་ཕྱུགས་རིགས་
    དང་འདབ་ཆགས་ཤི་རོའི་གནོད་སྐྱོན་མེད་པར་བཟོ་བའི་མཉམ་འགུལ་ལམ་སྲོལ་ཕྱོགས་
    ཡོངས་ནས་ཁྱབ་གདལ་གཏོང་དགོས་ཞེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 16:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནད་ཕོག་པའི་ཕྱུགས་རིགས་དང་འདབ་ཆགས་ཤི་རོའི་གནོད་སྐྱོན་མེད་པར་བཟོ་རྒྱུ་ནི་སྤྱི་ཚོགས་ལས་རིགས་ཁག་གིས་སྔ་བར་ཕྱི་གསུམ་དུ་དོ་ཁུར་བྱེད་པའི་བྱ་བ་ཞིག་རེད། “ནད་ཕོག་པའི་ཕག་པ་ཤི་རོ་གང་སར་དབྱུགས་པའི”དོན་རྐྱེན་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་བཟོ་ཡི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མུའུ་ཡོན་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིང་དབྱིན་ལིང་གིས་རྒྱལ་ཡོངས་སུ་གསོ་ཚགས་འགན་བཅོལ་དང་ནད་ཕོག་པའི་ཕྱུགས་རིགས་དང་འདབ་ཆགས་ཤི་རོའི་གནོད་སྐྱོན་མེད་པར་བཟོ་བའི་མཉམ་འགུལ་ལམ་སྲོལ་ཁྱབ་གདལ་བཏང་སྟེ་གསོ་ཚགས་མཁན་གྱིས་གནོད་སྐྱོན་མེད་པར་བཟོ་བའི་དོན་དངོས་ཀྱི་མ་གནས་ཆུང་དུ་དང་གནོད་སྐྱོན་མེད་པར་བཟོ་ཚད་སྔར་བས་ཆེ་རུ་གཏོང་བའི་ཁར། རང་རྒྱལ་འབྲོག་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བཟའ་བཅའི་བདེ་འཇཌ་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཆིང་དབྱིན་ལིང་གིས་གསོ་ཚགས་འགན་བཅོལ་དང་ནད་ཕོག་པའི་ཕྱུགས་རིགས་དང་འདབ་ཆགས་ཤི་རོའི་གནོད་སྐྱོན་མེད་པར་བཟོ་བའི་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུ་ནི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཚད་ཤིང་དུ་བྱས་ནས་ཕྱུགས་རིགས་དང་འདབ་ཆགས་ལ་ནད་ཡམས་མཆེད་པ་དང་། རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་ཐོན་པའི་སྐབས། གསོ་ཚགས་མཁན་ལ་འགན་ལེན་ངེས་ཅན་ཐུབ་པར་བྱས་ནས་ཐོན་སྐྱེད་གཉེར་སྐྱོང་རྒྱུན་མཐུད་ཡོང་བ་དང་། གསོ་ཚགས་བྱེད་རིང་གི་ཉེན་ཁ་ཆུང་དུ་གཏོང་བ། ཡོང་འབབ་བརྟན་པོ་ཡོང་བ་བཅས་བྱས་ཚེ། ནད་ཕོག་པའི་ཕྱུགས་རིགས་དང་འདབ་ཆགས་ཤི་རོའི་གནོད་སྐྱོན་མེད་པར་བཟོ་བར་སྐུལ་མ་ཐེབས་ནས་མི་སེར་གྱི་ལྕེ་ཐོག་གི་བདེ་འཇགས་འགན་ལེན་ཡོང་བར་ཕན་པ་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།