འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཉིས་པའི་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་བཅུ་གཉིས་པའི་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲོལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན། སྐབས་བཅུ་གཉིས་པའི་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལྷོ་ཁོ་རེ་ཡ་རྒྱལ་ཁབ་ཀྱི་ཕིང་ཁྲང་གྲོང་ཁྱེར་དུ་གྲོལ་ལ། མཇུག་རྫོགས་མཛད་སྒོ་ཐོག ཀྲུང་གོའི་རྐུབ་སྟེགས་འཁོར་ལོའི་འཁྱགས་དམ་རུ་ཁག་གི་རུ་མི་ཝང་ཧའེ་ཐའོ་ཡིས་སྐར་ལྔའི་དར་དམར་བསྣམས་ཏེ་ཕིང་ཁྲང་ཨོ་ལིམ་ཕིག་ལུས་རྩལ་ར་བར་ཕེབས་པ་རེད། རེ་ཐེངས་ལྔ་བར་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཀྲུང་གོའི་འཐུས་མི་ཚོགས་པས་ཕིང་ཁྲང་ནས་གཟེངས་རྟགས་དང་གསེར་གྱི་རྟགས་མ་མེད་པའི་ལོ་རྒྱུས་མཇུག་རྫོགས་པར་བྱས་ཡོད་པ་སྟེ། ཚེས་17ཉིན་གྱི་ཀྲུང་གོའི་རྐུབ་སྟེགས་འཁོར་ལོའི་འཁྱགས་དམ་རུ་ཁག་གིས་ཨང་དང་པོ་བླངས་ནས་གསེར་གྱི་རྟགས་མ་ཐོབ་ལ། འདི་ནི་ཀྲུང་གོའི་རིམ་བྱོན་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སུ་གཟེངས་རྟགས་བླངས་པ་ཐོག་མ་དེ་ཡིན་པ་རེད།
    ༄༅།།སྐབས་བཅུ་གཉིས་པའི་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲོལ་བ།
    ༄༅།།སྐབས་བཅུ་གཉིས་པའི་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲོལ་བ།
      

    ཕྱོགས་བསྡུས་གསར་འགྱུར།