འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།གཞི་རིམ་གྱི་སྨན་པ་གང་མང་གསོ་སྐྱོང་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། བདེ་ཐང་དབུལ་སྐྱོར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་དོན་གལ་ཆེན་གཅིག་ཡིན་པ་རེད། ཡིན་ནའང་། མིག་རྒྱང་རིང་པོའི་ཐོག་ནས་བལྟས་ནའང་། རང་ཉིད་ཀྱི་ཁྱིམ་ཚང་གི་སྒོ་ཁ་རུ་སྡོད་ཐུབ་ཅིང་། ནད་ལ་བརྟག་ཐུབ་པའི་སྨན་པ་ཞིག་དགོས་གལ་ཧ་ཅང་ཆེ"ཞེས་འཐུས་མི་ཀུའོ་ཡུས་ཧྥུན་གྱིས་དེ་བསམ་གྱི་ཡོད་པ་རེད།
         ཀུའོ་ཡུས་ཧྥུན་གྱིས། རྒྱལ་ཁབ་ཀྱིས་ལོ་རེར་ཀན་སུའུ་རུ་ཕྱོགས་ངེས་གསོ་རིག་སློབ་མ་གསོ་སྐྱོང་གི་ཚད་གཞི་ཐོ་500སྤྲོད་ཀྱིན་ཡོད་པ་རེད། ཡིན་ནའང་། གཞི་རིམ་གྱི་རིག་ཚན་ཆ་ཚང་གི་སྨན་པའི་ཁ་གྲངས་སྔར་བཞིན་འདང་བཞིན་མེད་པ་རེད་ཅེས་ངོ་སྤྲོད་བྱེད་པ་རེད། ཁོང་མོས། ཞིང་ཆེན་ནང་ཁུལ་གྱི་གསོ་རིག་སློབ་གླིང་གིས་སློབ་མ་བསྡུ་བའི་ཚད་གཞི་དང་ནོར་སྲིད་རྒྱབ་སྐྱོར་ཐད་དུ་འོས་ཤིང་འཚམ་པའི་ངང་རང་གི་ཞིང་ཆེན་གྱི་མི་ལ་ཕྱོགས་པ་དང་། ཕྱོགས་ངེས་གསོ་རིག་སློབ་མ་གསོ་སྐྱོང་ཚད་གཞི་ཇེ་མཐོར་གཏོང་ནས། རྫོང་དང་ཤང་གྲོང་སྨན་ཁང་གིས་ཡུན་རིང་ལ་སྡོད་ཐུབ་པའི་ཆེད་ལས་སྨན་བཅོས་བྱེད་ཐུབ་མཁན་མང་པོ་བསྐྱལ་ཐུབ་པ་དང་། ཞིང་ཆེན་ཡོངས་དང་རིག་ཚན་ཆ་ཚང་བའི་སྨན་པའི་གྲངས་ཀ་དང་རྒྱལ་ཁབ་ཀྱི་ཚད་གཞིའི་བར་གྱི་ཆད་ལྷག་ཏེ་ཁ་གསབ་བྱེད་ནས། ཤུགས་ཆེན་པོའི་ངང་བདེ་ཐང་དབུལ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་པའི་བསམ་འཆར་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།