འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དགེ་འོས་སློབ་ཆེན་དང་སློབ་གླིང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་དགོས།

    འཐུས་མི་ཀྲའོ་གོ་ཞང་།(ཧོ་ནན་དགེ་འོས་སློབ་ཆེན་ཏང་ཨུའི་ཧྲུའུ་ཅི)

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་06ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དུ"མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་གཉེར་བྱས་ནས་མི་ཚང་མར་སློབ་གསོར་བརྟེན་ནས་རང་གི་ལས་དབང་སྒྱུར་བ་དང་། མི་ཚེའི་ཕུགས་འདུན་འགྲུབ་པར་བྱེད་པའི་གོ་སྐབས་འདྲ་མཉམ་ཡོད་པར་བྱ་དགོས”ཞེས་བཏོན་པ་རེད། དགེ་རྒན་ནི་སློབ་གསོའི་ལས་དོན་གྱི་སྒྲིག་འཛུགས་བྱེད་མཁན་དང་འགོ་ཁྲིད་བྱེད་མཁན་ཡིན་པས། སློབ་གསོ་བྱ་རིམ་ཁྲོད་དུ་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་། སློབ་གསོ་འཕེལ་རྒྱས་གཏོང་བར་ངེས་པར་དུ་དགེ་རྒན་སྟོབས་ཆེན་ཡོད་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་བསྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར། ངེས་པར་དུ་དགེ་འོས་སློབ་ཆེན་དང་སློབ་གླིང་རྩ་སྲ་རྨང་བརྟན་དང་སྤུས་ལེགས་ནུས་མཐོ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དགེ་རྒན་དཔུང་ཁག་སྟོབས་ལྡན་དང་། རྒྱལ་ཁབ་དར་སྤེལ་གཏོང་བའི་གཙོ་ཤུགས་ནུས་པ་འདོན་སྤེལ་བཏང་སྟེ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་འཛུགས་གཉེར་བྱེད་དགོས། ཡིན་ན་ཡང་དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ནས་བཟུང་དགེ་འོས་སློབ་གསོའི་ཐད་མི་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་པའི་ཉམས་ཞན་དུ་འགྲོ་ཚུལ་མངོན་པ་རེད།
         དགེ་འོས་སློབ་ཆེན་དང་སློབ་གླིང་གི་བསྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་དུ་ཐུག་པའི་གནད་དོན་ཐག་གཅོད་བྱེད་ཆེད། གྲོན་དངུལ་གཏོང་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ་དགེ་འོས་ཆེད་སྦྱོང་སློབ་མ་རེའི་ཆ་སྙོམས་གྲོན་དངུལ་གཏོང་བའི་ཚད་གཞི་མཐོར་རུ་གཏོང་དགོས་པ་དང་། དགེ་འོས་སློབ་གསོ་འགན་སྲུང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་གཅིག སློབ་གྲྭ་འཛུགས་སྐྲུན་ཚད་གཞི་དང་། ཆེད་ལས་སློབ་གཉེར་ཚད་གཞི། དགེ་འོས་སློབ་མ་གསོ་སྐྱོང་ཚད་གཞི་བཅས་ཁ་གསལ་བཟོས་ནས"ཞིང་ཆེན་རེར་དཔེ་སྟོན་དགེ་འོས་སློབ་ཆེན་ནམ་སློབ་གླིང་རེ"འཛུགས་སྐྱོང་ཤུགས་ཆེན་བྱས་ནས་དགེ་འོས་སློབ་ཆེན་དང་སློབ་གླིང་གཞན་དག་སྤྱི་ཡོངས་ཀྱི་སློབ་གཉེར་ཆུ་ཚད་ཇེ་མཐོར་གཏོང་བར་ཁྱབ་འགྱེད་དང་སྣེ་ཁྲིད་བྱེད་དགོས་པ་དང་གཉིས། དགེ་འོས་སློབ་ཆེན་དང་སློབ་གླིང་བསྒྱུར་བཅོས་ཟབ་སྤེལ་ལ་སྣེ་ཁྲིད་དང་ལྟ་སྐུལ་བྱེད་པ་དང་། དགེ་རྒན་འཚར་ལོངས་ཡོང་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཐབས་གསར་གཏོད་བྱེད་དགོས་པ་དང་གསུམ། སློབ་གྲྭར་ཡོད་པའི་དགེ་འོས་སློབ་མ་དང་ན་གཞོན་དགེ་རྒན་གྱི་འཚོ་སྐྱོང་ཐོབ་ཐང་ཇེ་མཐོར་གཏོང་བ་དང་། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་དགེ་རྒན་གྱི་གླ་ཕོགས་ཇེ་མཐོར་གཏོང་ཞིང་། ཁོང་ཚོའི་འཚོ་བ་དང་ལས་སྒྲུབ་ཆ་རྐྱེན་ལེགས་སུ་ཇེ་མགྱོགས་བཏང་ནས་སྦྱངས་འབྲས་ལེགས་པའི་སློབ་མའི་ཐོན་ཁུངས་སྔར་ལས་མང་བས་དགེ་རྒན་གྱི་ལས་རིགས་འདེམས་རྒྱུར་བློ་འགུགས་བྱེད་དགོས་པ་དང་བཞི་བཅས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།