འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།2022ལོའི་འཇའ་སྤྲིན་འདུ་འགོད་ཀྱིས་གོ་ལ་ཧྲིལ་པོར་ཁྱབ་པའི་དྲ་ཆེན་གྱི་སྒུལ་བདེའི་
    འཕྲིན་གཏོང་ཞབས་འདེགས་ཞུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་07ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་4ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་གཉིས་པའི་ཡོན་ཀྲང་ཀྲང་ཀྲུང་ཡང་གིས། འཇའ་སྤྲིན་འདུ་འགོད་ཀྱིས་2018ལོར་ལག་རྩལ་ར་སྤྲོད་སྲུང་སྐར་འཕེན་རྒྱུ་ཡིན་ཞིང་། མིག་སྔར་སྲུང་སྐར་དེ་མ་དཔེ་དངོས་ཀྱི་ཞིབ་བཟོའི་དུས་མཚམས་སུ་སླེབས་ཡོད་པས་སྔོན་དཔག་ལྟར་ན་ལོ་མཇུག་གོང་འཕེན་རྒྱུ་དང་ཆབས་ཅིག འཁོར་ལམ་དམའ་བའི་དྲ་ཆེན་འཕྲིན་གཏོང་གི་འགྲེམས་སྟོན་ར་སྤྲོད་དང་བེད་སྤྱོད་དཔེ་སྟོན་བྱ་རྒྱུ་རེད་ཅེས་གསུངས།
         “འཇའ་སྤྲིན་འདུ་འགོད་ཀྱི་ལས་སྒོའི་སྲུང་སྐར་མ་ལག་ཀྱང་དེ་དང་ཆབས་ཅིག་ཏུ་འཆར་འགོད་ལས་དོན་སྤེལ་ནས་2018ལོར་ལས་སྒོའི་མ་ལག་གི་ཞིབ་ཕྲའི་འཆར་འགོད་ལེགས་སྒྲུབ་བྱ་རྒྱུ་དང་།      སྔོན་དཔག་ལྟར་ན་2022ལོར་སྐར་ཁྱིམ་གྱི་བཀོད་སྒྲིག་ལེགས་སྒྲུབ་བྱ་རྒྱུ་རེད”ཅེས་ཀྲང་ཀྲུང་ཡང་གིས་གསུངས།
         འཇའ་སྤྲིན་འདུ་འགོད་ནི་གནམ་ས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཆ་འཕྲིན་མ་ལག་ཧ་ཅང་ཆེན་པོ་ཞིག་རེད།
         “2022ལོར་སྐར་ཁྱིམ་གྱི་བཀོད་སྒྲིག་ལེགས་སྒྲུབ་བྱས་རྗེས་འཇའ་སྤྲིན་འདུ་འགོད་ཀྱིས་གོ་ལ་ཧྲིལ་པོར་མ་ལུས་པར་ཁྱབ་པའི་དྲ་ཆེན་གྱི་སྒུལ་བདེའི་འཕྲིན་གཏོང་ཞབས་འདེགས་ཞུས་ཏེ་རིགས་ཁག་གི་འཛད་སྤྱོད་པར“འཕྲིན་གཏོང་དང་། ཕྱོགས་སྟོན། རྒྱང་ཚོར”བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཆ་འཕྲིན་ལས་སྟེགས་བསྐྲུན་རྒྱུ་རེད། མ་ལག་བསྐྲུན་རྗེས་ང་ཚོ་བྱེ་ཐང་དང་རྒྱ་མཚོར་གནས་པའམ་ཡང་ན་གནམ་གྲུར་སྡོད་པ་སོགས་གང་ཡིན་རུང་ཚང་མར་ཁྱིམ་དང་འདྲ་བའི་དྲ་ཞུགས་ཀྱི་མྱུར་ཚད་དང་ཞབས་ཞུའི་མྱོང་བ་ཞིག་ལོངས་སྤྱོད་བྱེད་ཐུབ”ཅེས་ཀྲང་ཀྲུང་ཡང་གིས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།