འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“ཆུ་ཚོད་
    གསུམ་དང་ཕྱེད་ཀར་སློབ་གྲྭ་གྲོལ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་ཡིན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་05ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀར་སློབ་གྲྭ་གྲོལ་ན་ཇི་ལྟར་བྱས་ཏེ་ཕྲུ་གུ་བསུ་སྐྱེལ་བྱ་རྒྱུ་དེ་སྤྱི་ཚོགས་ཐོག་དོ་ཁུར་བྱེད་མང་བའི་གནད་དོན་ལ་གྱུར་ཡོད། སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་བགྲོད་ལམ”བརྒྱུད་སྐབས་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་གྲོས་མོལ་བྱས་ཏེ་འབྲེལ་ཡོད་སྲིད་ཇུས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“ཆུ་ཚོད་གསུམ་དང་ཕྱེད་ཀར་སློབ་གྲྭ་གྲོལ་བའི”གནད་དོན་ཐག་གཅོད་བྱ་རྒྱུ་དང་འབྲེལ། སློབ་ཕྱིའི་མངགས་བཅོལ་འཛིན་གྲྭ་གཉེར་བའི་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
         ཁྲེན་པའོ་ཧྲེང་གིས་ས་གནས་ཁག་གཅིག་གིས་ཡུལ་དེ་གའི་དངོས་ཡོད་གནས་ཚུལ་དང་འཚམ་པའི་སྲིད་ཇུས་བཟོས་ཡོད་པ་དཔེར་ན། ས་གནས་ཁག་གཅིག་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭ་གྲོལ་རྗེས་ཀྱི་ཞབས་ཞུ་ཡོངས་སུ་ཁྱབ་པ་བྱས་པ་དང“སློབ་གྲྭ་གྲོལ་བའི་བབ་བསྟུན་དུས་ཚོད”ཚོད་ལྟ་སོགས་བྱས་ཡོད། གོམ་སྟབས་རྗེས་མར་སློབ་གསོ་པུས་ཉམས་མྱོང་ཡག་པོ་ཕྱོགས་སྡོམ་བྱ་རྒྱུ་དང་འབྲེལ་ཐོན་པའི་གནད་དོན་ལ་རྗེས་སྙེག་དམ་ཟབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།