འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབུས་ནུབ་རྒྱུད་ཀྱི་མཁའ་འགྲུལ་ཐོན་ལས་ཕྱོགས་བསྡུས་ཀྱི་ཁྲལ་མེད་ཁུལ་ཐོག་མ་དེ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཤིས་ཨན་མཁའ་འགྲུལ་རྟེན་གཞིའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་ཐོབ་པ་བརྒྱུད་དངོས་སུ་བཙུགས་ཤིང་། དེ་ནི་རང་རྒྱལ་དབུས་ནུབ་རྒྱུད་ཀྱི་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཁྱད་ཆོས་སུ་བྱེད་པའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་ཐོག་མ་དེ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་ཐོབ་པར་གཞིགས་ན། ཤིས་ཨན་མཁའ་འགྲུལ་རྟེན་གཞིའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་1.5ཟིན་པ་དང་། ཤིས་ཨན་མཁའ་འགྲུལ་རྟེན་གཞིར་གནས་ཡོད་པ་རེད། འབྱུང་འགྱུར་ཤིས་ཨན་མཁའ་འགྲུལ་རྟེན་གཞིའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ལྟེ་བར་བྱས་ཏེ་རྒྱལ་ཁབ་ཀྱིས་གནང་བའི་ཁྲལ་མེད་ལས་སྣོན་དང་། ཁྲལ་མེད་ཟོག་འགྲེམས། ཁྲལ་མེད་ཞབས་ཞུ་བཅས་ཀྱི་བྱེད་ནུས་ཆེ་གྲས་གསུམ་ལ་གཞིགས་ཏེ་མཛོད་ཉར་ཟོག་འགྲེམས་དང་། ཕྱི་ཕྱོགས་ཉོ་ཚོང་། རྒྱལ་སྤྱིའི་ཉོ་སྒྲུབ་དང་ཁག་བགོས་བྲིན་ཚོང་དང་སྡེབ་སྐྱེལ། རྒྱལ་སྤྱིའི་བརྒྱུད་སྐྱེལ། ཞིབ་དཔྱད་ཚད་ལེན་དང་ཉམས་གསོའི་ཞབས་ཞུ། ཞིབ་འཇུག་གསར་སྤེལ། ལས་སྣོན་བཟོ་སྐྲུན་སོགས་ཀྱི་ཁྲལ་མེད་ལས་སྒོ་རྒྱ་སྟོབས་ཆེ་རུ་བཏང་ནས་རྒྱལ་ནང་གི་རྩེ་གྲ་དང་འཛམ་གླིང་དུ་གྲགས་པའི་མཁའ་འགྲུལ་ཐོན་ལས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཁྱད་ལྡན་ཁུལ་ཞིག་ཆགས་པར་བྱ་རྒྱུ་རེད།
          ཀྲུང་གོ་མཁའ་འགྲུལ་གྱི་རྒྱལ་སྤྱིའི་ཐོན་སྐྱེད་འགན་ལེན་གཞན་སྤྲོད་བྱ་རྒྱུ་དེ་དུས་རབས་གོང་མའི་ལོ་རབས་80པར་འགོ་བཙུགས་པ་མ་ཟད། ཤིས་ཨན་མཁའ་འགྲུལ་རྟེན་གཞིར་ཡོད་པའི་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཤིས་ཧྥེ་ཀུང་སིས་པོ་དབྱིང་རྟགས་ཅན་གྱི་གནམ་གྲུའི་ལྷུ་ལག་ཆེ་ཆུང་ཐོན་སྐྱེད་འགན་ལེན་གཞན་སྤྲོད་བྱེད་འགོ་བཙུགས་པ་ཞིག་རེད།
         མིག་སྔར། ཤིས་ཨན་མཁའ་འགྲུལ་རྟེན་གཞི་གཞི་རྟེན་དུ་བྱེད་པའི་ཤིས་ཨན་མཁའ་འགྲུལ་ཐོན་ལས་ཀྱིས་ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱིའི་ཐོན་སྐྱེད་འགན་ལེན་གཞན་སྤྲོད་ཀྱི་ལས་འབོར་ཕྱེད་ཙམ་བཟུང་ཡོད། དེ་ནི་འཛམ་གླིང་གི་གནམ་གྲུ་ཆེ་འབྲིང་དང་། སྒུལ་བྱེད་འཕྲུལ་འཁོར། ལྷུ་ལག་ཆེ་ཆུང་བཅས་མཁོ་འདོན་བྱེད་མཁན་གྱི་མེད་དུ་མི་རུང་བའི་ས་ཆ་ཞིག་རེད། ཚད་ལེན་ཞིབ་རྩིས་ལ་གཞིགས་ན། ཤིས་ཨན་མཁའ་འགྲུལ་རྟེན་གཞིའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་བསྐྲུན་རྗེས་ཀྱི་ལོ་གསུམ་ནས་ལྔའི་བར་ཚོད་རྩིས་བྱས་ན་མཁའ་འགྲུལ་ཁེ་ལས་བརྒྱ་ལྷག་ཙམ་དང་ལྷག་པར་དུ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་བཅའ་སྡོད་བྱ་རྒྱུའི་ཡིད་དབང་འཕྲོག་ནས་ལས་ཞུགས་གོ་སྐབས་ཁྲི་ཙམ་མཁོ་འདོན་ཐུབ་རྒྱུ་རེད། ལོ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་10ཙམ་ཟིན་པའི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ཆགས་ཏེ་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་150ལས་བརྒལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།