འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོའི་ནོར་ལུག་གི་ཤ་ནང་སའི་དུས་ཆེན་རིང་གི་ཞིམ་ཟས་ཤིག་ཏུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ལོ་གསར་གཏོང་རིང་ཀྲེ་ཅང་གི་གྲོང་མི་ཝང་ལགས་ཁྱིམ་གྱི་ཅོག་ཙེའི་སྟེང་སྔོན་མ་དང་མི་འདྲ་བར་འགྱུར་ལྡོག་གསར་པ་བྱུང་བ་དང་ས་མཐོའི་སྐྱེ་ལྡན་ཟས་རིགས་ལས་གྲུབ་པའི་ལུག་ཤ་རྔོས་མ་དེར་ནང་མི་ཚང་མས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།
         ལོ་གཉིས་གོང་གྲོང་མི་ཝང་ལགས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རུ་ཡུལ་སྐོར་ལ་བསྐྱོད་པ་དང་ས་ཆ་དེ་གའི་གྲོགས་པོས་ངོ་སྤྲོད་བྱས་པ་བརྒྱུད་ལུག་ཤ་ཕྲེང་རྒྱུད་ཅིག་བཟས་པས་ཤའི་སྤུས་ཚད་དང་བྲོ་བ་ཞིམ་པོ་ཡོད་པས་ཁོང་གིས་ལུག་ཤར་འཛིན་པའི་ལྟ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། “སྔོན་མ་ལུག་ཤ་རྩ་བ་ནས་བཟའ་མྱོང་མེད། ལུག་དྲི་ཁ་ནས་གོམས་ཀྱི་མི་འདུག མཚོ་སྔོན་དུ་ཐེངས་དང་པོ་བཟས་པ་ནས་བཟུང་ལུག་ཤ་བཟའ་རྒྱུར་དགའ་པོ་ཆགས་སོང”ཞེས་གྲོང་མི་ཝང་ལགས་ཀྱིས་བརྗོད།
         ཕ་ཡུལ་དུ་ལོག་རྗེས་གྲོང་མི་ཝང་ལགས་ཀྱིས་མཚོ་སྔོན་གྱི་ལུག་ཤ་བཟའ་འདོད་ལངས་ཏེ་ཕྱོགས་མང་པོར་སྐད་ཆ་དྲིས་ཀྱང་འོས་འཚམས་ཀྱི་ཉོ་སྒྲུབ་ཐབས་ལམ་ཞིག་མ་རྙེད། དེ་ནས་ཟླ་བ་གཅིག་གི་གོང་ལ་ཁོང་གིས་དྲ་ཐོག་ནས་ལོ་གསར་གྱི་ཉེར་མཁོ་ལྟ་བའི་སྐབས་ས་མཐོའི་ནོར་ལུག་གི་ཤ་ཡང་དྲ་ཐོག་ནས་ཉོ་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
         ཞིང་ཞོར་ཐོན་རྫས་དྲ་ཐོག་བརྒྱུད་ནས་གྲོང་ཁྱེར་ནང་འཚོང་བ་དེ་རང་རྒྱལ་དུ་གསར་འགྱུར་ཞིག་མིན་མོད། འོན་ཀྱང་གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར། ནོར་ལུག་གི་ཤ་འགྲིམ་འགྲུལ་སྟབས་མི་བདེ་བའི་མཚོ་བོད་ས་མཐོ་ནས་དྲ་བ་བརྒྱུད་དེ་ཕྱིར་ཐོན་པ་དེ་ཉེ་བའི་ལོའི་ནང་བྱུང་བ་ཞིག་རེད།
         ཞིང་ཞོར་ཐོན་རྫས་ཕྱིར་ཚོང་ལམ་བུ་རྒྱ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་2016ལོ་ནས་བཟུང་ཞིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་དྲ་ཐོག་ཚོང་དོན་ཞིང་འབྲོག་ཁུལ་དུ་བེད་སྤྱོད་རྒྱུ་རྒྱ་ཆེར་བཏང་བ་རེད། ཞིང་ཆེན་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་དཔེ་སྟོན་ཀྲོའུ་ཞིག་ཡིན་པའི་ངོས་ནས། ལོ་2རིང་མཚོ་བྱང་ཀྲོའུ་ཡིས་རིམ་རྩིས་ལྟར་ན་རྫོང་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ལྟེ་གནས་4དང་། ཟོག་འགྲེམས་(གྲང་འདྲེན་)སྡེབ་སྐྱེལ་ལྟེ་གནས་4དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུའི་ས་ཚིགས་106བཅས་བཙུགས་པས། གྲོང་ཚོ་རིམ་པའི་མྱུར་སྐྱེལ་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།