འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོ·ཀན་ལྷོའི་ས་མཐོའི'མཁའ་རྒྱུག'"དཔྱིད་གསར་དུས་ཆེན་གྱི་ལུས་རྩལ་ཡུལ་སྐོར་
    གྱི་ལམ་ཐིག་རྩེ་གྲའི་ནང་བདམས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་26ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་མཉམ་དུ"2018ལོའི་དཔྱིད་གསར་དུས་ཆེན་གྱི་སྤྲོ་གསེང་གཟའ་འཁོར་གྱི་ལུས་རྩལ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ"18ཁྱབ་བསྒྲགས་བྱས་ཤིང་། ཀན་སུའུ་ཞིང་ཆེན་གྱི“ཀྲུང་གོ·ཀན་ལྷོའི་ས་མཐོའི‘མཁའ་རྒྱུག’ལམ་ཐིག”དེ་ནུབ་བྱང་ཞིང་ཆེན་ལྔ་ཡི་ནང་ནས་ལམ་ཐིག་རྩེ་གྲའི་ནང་ཚུད་མཁན་འབའ་ཞིག་དེ་ཡིན་པ་རེད།
         མཁའ་རྒྱུག་རིམ་སྤེལ་འགྲན་བསྡུར་ནི་བྱེས་བགྲོད་དང་རི་འཛེག་ལུས་རྩལ་གཅིག་ཏུ་འདུས་པའི་དར་སོ་ཆེ་བའི་ཕྱོགས་ཐོན་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་ཞིང་། ངོ་སྤྲོད་བྱས་པར་གཞིགས་ན། མཁའ་རྒྱུག་ཅེས་པ་ནི་སྤྱིར་ན་ས་བབ་མཐོ་ཚད་སྨི་2000ཡན་གྱི་རི་ཁུལ་འགྲན་ལམ་དུ་རྒྱུག་ཤར་གློད་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་མཁའ་རྒྱུག་མནའ་འབྲེལ་གྱིས་འགྲན་བསྡུར་དེ་ཀྲུང་གོར་ཁྱབ་སྤེལ་བཏང་རྗེས་རྒྱ་ཆེའི་ཕྱོགས་ཐོན་ཡུལ་སྐོར་ལ་དགའ་པོ་ཡོད་མཁན་ཚོས་དགའ་པོ་བྱེད་ཀྱི་ཡོད། ན་ནིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་རུ་ཡན་ལག་འགྲན་ར་ཐོག་མར་བཙུགས་པ་དང་འགྲན་བསྡུར་བྱ་ཡུལ་ནི་ཅོ་ནེ་རྫོང་གི་དག་ཡིག་ཁོག་མཛེས་ལྗོངས་ཁུལ་དུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།