འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོས་ལོ་མཇུག་ལ་ཁེ་སྤོགས་བགོ་བཤའི་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 17:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོས་ལོ་མཇུག་ལ་ཁེ་སྤོགས་བགོ་བཤའི་ཚོགས་འདུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲེང་ཀོན་ཆུས་ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོའི་ཚོ་ཆུང་བདུན་པས་ལོ་མཇུག་ལ་ཁེ་སྤོགས་བགོ་བཤའི་ཚོགས་འདུ་ཚོགས་ཏེ། ཁེ་སྤོགས་བགོ་ཚད་མི་རེར་སྒོར་11000ཟིན་པ་དང་། དུས་མཚུངས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་5ལའང་དུད་ཚང་རེར་སྒོར་5000རེ་སྤྲད་དེ། ཁྱོན་བསྡོམས་སྒོར་3985000ཟིན་ཡོད་པ་རེད།
         ཆ་རྒྱུས་བྱུང་བ་ལྟར་ན། ཁྲེང་ཀོན་ཆུས་ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོའི་ཚོ་ཆུང་བདུན་པས་1984ལོ་ནས་བཟུང་། རིན་ཆེན་ཚལ་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་སྒྲིག་འཛུགས་འོག་མ་དངུལ་མཉམ་སྡུད་ཀྱིས་མགྲོན་ཁང་དང་། རླངས་འཁོར་ཉམས་གསོའི་བཟོ་གྲྭ། བོགས་གཏོང་ཁང་པ། མཛོད་ཁང་སོགས་འཛུགས་སྐྲུན་བྱས་ནས་སྣ་མང་བདག་གཉེར་བྱེད་འགོ་བརྩམས་ཡོད། གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ་དང་། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན། མགྲོན་ཁང་ཞག་སྡོད། རླངས་འཁོར་ཉམས་བཟོ་ཞབས་ཞུ། རླངས་འཁོར་བདག་གཅེས་སོགས་ཀྱི་ཐོན་ལས་ཆར་རྗེས་ཀྱི་མྱུ་གུ་ཇི་བཞིན་རབ་དང་རིམ་པར་རིམ་བཞིན་ཐོན་པ་རེད། གྲོང་ཚོའི་མཉམ་སྡེབ་ཐོན་ལས་དཔལ་འབྱོར་སྟོབས་ཆེ་རུ་ཕྱིན་ནས། མི་སེར་གྱི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ཡོད། 2018 ལོར། ཁྲེང་ཀོན་ཆུས་ཉང་བྲན་ཤང་རིན་ཆེན་ཚལ་གྲོང་ཚོའི་ཚོ་ཆུང་བདུན་པས་སྔར་བཞིན་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་དུ་བསྐྱོད་དེ་རྒྱུན་མཐུད་ཐོག་ཐུན་མོང་གི་དཔལ་འབྱོར་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།