འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་གི་བརྩེགས་རིམ་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་འགྱེལ་ལོག་བྱུང་བ་ལས་རྐྱེན་
    ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་11ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཤང་ཀང་གི་བརྩེགས་རིམ་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་འགྱེལ་ལོག་བྱུང་བ་ལས་རྐྱེན་
ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་10ཉིན་གྱི་ཆུ་ཚོད་18:00ཡས་མས་སུ། ཤང་ཀང་གི་བརྩེགས་རིམ་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཏཱ་ཕུའུ་གཞུང་ལམ་དུ་འགྱེལ་ལོག་གི་དོན་རྐྱེན་བྱུང་བ་རེད། ཚེས་11ཉིན་གྱི་ཆུ་ཚོད་2:00བར་དུ། དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ་དང་། མི་གྲངས་60ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བར་ཉེན་ཡོད་རླངས་འཁོར་བཏང་བའི་དོགས་གཞི་ཡོད་སྟབས་འཛིན་བཟུང་བྱས་ཡོད་པ་རེད།
         ས་སྲིབ་ཆུ་ཚོད་18:00ཡས་མས་སུ། ལམ་872ཀྱི་བརྩེགས་རིམ་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཧྲ་ཐེན་མཱ་ཁྲང་ནས་ཏཱ་ཕུའུ་ལྟེ་གནས་སུ་སྐྱོད་པའི་ལམ་བར་གྱི་ཏཱ་ཕུའུ་གཞུང་ལམ་གྱི་ཉེ་ས་སུང་ཙི་ཡོན་དུ་སྐྱོད་སྐབས་འགྱེལ་ལོག་བྱུང་བ་རེད། འགྲུལ་པས་ཕྱིར་དྲན་བྱས་པ་ལྟར་ན། དོན་རྐྱེན་བྱུང་དུས་རླངས་འཁོར་གྱི་མྱུར་ཚད་ཧ་ཅང་མགྱོགས་པས། གཞུང་ལམ་འགྲམ་གྱི་ལམ་སྒྲོན་ཀ་སྡོང་ལ་རྡུང་ཁ་བརྒྱབ་རྗེས་འགྱེལ་ལོག་བྱུང་བ་རེད། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། རླངས་འཁོར་བྱུར་རྐྱེན་ལས་ཤི་རྨས་ཐེབས་མཁན་ནི་གཙོ་བོ་སྤྱི་སྤྱོད་རླངས་འཁོར་གྱི་རིམ་པ་གཉིས་པར་ཡོད་མཁན་ཡིན་པ་དང་། མང་ཆེ་བའི་མགོ་དང་སྒལ་ཚིགས་ལ་རྨས་སྐྱོན་ཕོག་པ་དང་། རུས་པ་ཆག་པ་ཚབས་ཆེན་བྱུང་བ་དང་ཁྲག་མང་པོ་ཤོར་བ་རེད།
         མིག་སྔར། རླངས་འཁོར་བྱུར་རྐྱེན་ལས་རྨས་སྐྱོན་ཕོག་མཁན་དག་སྨན་ཁང་བཅུ་གཅིག་ཏུ་བསྐྱལ་ཡོད་པ་དང་། སྨན་ཁང་དོ་དམ་ཅུས་སྤྱི་ཁྱབ་པུའུ་ཡིས་དོན་རྐྱེན་ཚབས་ཆེན་ཚོད་འཛིན་ལྟེ་གནས་ཀྱིས་རྨས་མ་མྱུར་སྐྱོབ་སྨན་བཅོས་བྱེད་འགོ་ཚུགས་པ་དང་། དམངས་སྲིད་ལས་དོན་སྤྱི་ཁྱབ་ཁང་དང་སྤྱི་ཚོགས་ཕན་བདེ་ཁང་གཉིས་ཀྱིས་སྨན་ཁང་ཁག་ཏུ་འཕྲལ་མྱུར་རོགས་སྐྱོར་ས་ཚིགས་བཙུགས་ཏེ་ཤི་རྨས་ཐེབས་མཁན་གྱི་ཁྱིམ་མིར་དཔལ་འབྱོར་ཐོག་ནས་རོགས་སྐྱོར་དང་། སེམས་གསོ། ཁྱིམ་མི་འཚོལ་རོགས་སོགས་ཚུད་པའི་རོགས་རམ་བྱེད་ཀྱི་ཡོད་ཅིང་། ཤི་རྨས་ཐེབས་མཁན་གྱི་ཁྱིམ་ཚང་ཚང་མར་ཆེད་བསྐོས་སྤྱི་ཚོགས་ལས་སྒྲུབ་མི་སྣས་རྗེས་སྙེག་རོགས་རམ་བྱེད་ཀྱི་ཡོད་པ་རེད།
    ༄༅།།ཤང་ཀང་གི་བརྩེགས་རིམ་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་འགྱེལ་ལོག་བྱུང་བ་ལས་རྐྱེན་
ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ།
    ༄༅།།ཤང་ཀང་གི་བརྩེགས་རིམ་གཉིས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཞིག་འགྱེལ་ལོག་བྱུང་བ་ལས་རྐྱེན་
ལམ་དུ་ཤོར་བའི་མི་གྲངས་19ལ་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།