འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་སྐྱེལ་འདྲེན་ཐད་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་བྱ་ཐབས་མང་པོ་སྤྱད་དེ་འགྲོ་
    འོང་བྱེད་མང་བའི་དུས་བསུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་ནས་བཟུང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་ལས་དོན་དུམ་བུས་བྱ་ཐབས་མང་པོ་མཉམ་སྤྱོད་ཀྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་འགྲུལ་པར་དཔྱིད་གསར་སྐྱེལ་འདྲེན་གྱི་རྣམ་པ་བཟང་པོ་བཏོད་ཡོད།
         དཔྱིད་གསར་སྐྱེལ་འདྲེན་རིང་། ལྷ་ས་མེ་འཁོར་ལས་དོན་དུམ་བུའི་དོ་དམ་ཁྱབ་ཁོངས་ཀྱི་བབས་ཚུགས་ཁག་གི་སྤ་སེ་འཚོང་ས་དང་སྤ་སེ་འཚོང་འཁོར་དུ་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་དངུལ་གཏོང་སྤྲོད་ཐོག་མར་བྱེད་འགོ་ཚུགས་པ་དང་། གཏོང་སྤྲོད་འབོ་ཕབ་བཤེར་བྱས་ནས་དངུལ་སྤྲོད་སྟངས་དེ་2017ལོ་ནས་སྤྱོད་འགོ་ཚུགས་ཡོད། སྤ་སེ་འཚོང་འཁོར་ལ་ཡུལ་གཞན་ནས་སྤ་སེ་ཉོས་ཀྱང་ལེན་ཐུབ་པའི་ནུས་པ་ཡོད་པ་དང་འབྲེལ་རྒྱལ་ཡོངས་ཀྱི་མེ་འཁོར་ཐེངས་གྲངས་ཁག་གི་སྤ་སེ་ཚོང་གི་ཡོད་པ་རེད།
         དེ་དང་དུས་མཚུངས་ནག་ཆུ་བབས་ཚུགས་ཀྱིས་འགྲུལ་པར་《འགྲུལ་པའི་བདེ་ཐང་ཐོ་འགོད་གཱ་》འབྲི་བའི་ལས་ཀར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་སྤུད་ཚད་མཐོ་རུ་བཏང་ནས“སྐལ་བཟང་མེ་ཏོག་ཞབས་ཞུའི་ལས་སྟེགས”ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་པ་རེད།
         འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གཞིས་རྩེ་བབས་ཚུགས་ཀྱིས་ད་དུང“གངས་ལྷ་མེ་ཏོག་དང་བླངས་པའི་ཞབས་ཞུའི་ལས་སྟེགས”ཐོག་མར་བཏོད་ནས་རྐུབ་སྟེགས་འཁོར་ལོ་ཅན་དང་། འགྱོགས་ཁྲི། དུས་ཐུང་རེའུ་མིག སྨན། བྱི་རིལ། ཆུ་འཁོལ་སོགས་མཁོ་འདོན་བྱས་པ་དང་དུས་མཚུངས“གངས་ལྷ་མེ་ཏོག”ཚོགས་པས“རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ”བཅས་ལ་ཐོགས་མེད་བགྲོད་ལམ་གཏོད་པ་དང་མེ་འཁོར་ནང་འཛུལ་སྐབས་རོགས་རམ་བྱེད་པ་སོགས་ཚུད་པའི་གཙོ་གནད་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།