འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།"མཁའ་ལམ"རྒྱུད་དུ་འཐུང་ཆུ་སྐྱེལ་མཁན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་འཐུང་ཆུ་ཏུན་500བླུགས་པའི་མེ་འཁོར་57052རྟགས་ཅན་གོར་མོ་ནས་ཐོན་ཏེ་ཁྲའར་ཧན་མེ་འཁོར་བབས་ཚུགས་སུ་སྐྱོད་འགོ་ཚུགས་པ་རེད།
         གོར་མོའི་སྡོད་ཁང་འཛུགས་སྐྲུན་གྱི་རྒྱག་འཚོ་བའི་ཁུལ་དུ་འཐུང་ཆུ་སྐྱེལ་བའི་ལས་འགན་སྒྲུབ་མཁན་ཀྲང་ཧུང་རེན་གྱིས་དཔྱིད་གསར་སྐྱེལ་འདྲེན་རིང་ལྕགས་ལམ་རྒྱུད་དུ་འཚོ་བའི་འཐུང་ཆུ་སྤྱོད་མང་དུ་སོང་ནས་འཐུང་ཆུ་སྐྱེལ་མཁན་མེ་འཁོར་གྱིས་གཟའ་འཁོར་རེར་སྤྱི་ལེ་3000ཙམ་གྱི་སར་འཐུང་ཆུ་ཐེངས་རེ་སྐྱེལ་བར་འགྲོ་དགོས་པ་དང་ཕར་འགྲོ་ཚུར་འོང་བྱེད་རིང་ཉིན་ལྔ་ཙམ་འགོར་གྱི་ཡོད་ལ། འཐུང་ཆུ་སྐྱེལ་མང་ཤོས་སྐབས་ཏུན་1300ཙམ་ཟིན་གྱི་ཡོད་ཅེས་བཤད།
         མཚོ་བོད་ས་མཐོའི་ལྕགས་ལམ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་འཐུང་ཆུ་ཧ་ཅང་དཀོན་ཞིང་། འགྲུལ་པ་སྐྱེལ་འདྲེན་གྱི་ལས་འགན་ཡག་པོ་སྒྲུབ་ཕྱིར་མཚོ་བོད་ཚོགས་པ་ཀུང་སིས་འཐུང་ཆུ་སྐྱེལ་འདྲེན་མེ་འཁོར་ཞིག་བཏང་ནས་ལྕགས་ལམ་རྒྱུད་དུ་ཆུ་དཀོན་པའི་ས་ཚིགས་16གི་མི་1000ལྷག་ལ་འཐུང་ཆུ་སྐྱེལ་གྱི་ཡོད། འདི་ལོ་ནི་འཐུང་ཆུ་བསྐྱལ་བའི་ལོ་34པ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།