འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ཕུའུ་ཅིང་ཙུང་ཐུང་གི་འོས་མིར་
    དངོས་སུ་ཐོ་རུ་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། ཨུ་རུ་སུ་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ད་ལྟའི་ཙུང་ཐུང་ཕུའུ་ཅིང་སྐབས་རྗེས་མའི་ཙུང་ཐུང་གི་འོས་མིའི་ཐོ་རུ་དངོས་སུ་བཀོད་ཚུལ་ཡོངས་བསྒྲགས་བྱས་པ་རེད། སྐབས་དེ་དུས་ཕུའུ་ཅི་འོས་མི་ཁེར་རྐྱང་གི་ཐོབ་ཐང་ཐོག་ནས་ད་ལོའ་ཟླ་3པའི་ཙུང་ཐུང་གི་འདེམས་བསྐོར་ཞུགས་རྒྱུ་ཡིན་པ་རེད།
         ཨུ་རུ་སུའི་གསར་འགྱུར་ཁང་གིས་ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་པུའུ་ལཱ་ཡེ་ཧྥུའུ་ཡི་གཏམ་བཤད་དྲངས་ནས། ཕུའུ་ཅིང་འགྲན་འདེམས་སྤྱི་ཁྱབ་པུའུ་ཡིས་དེ་སྔོན་འདེམས་བསྐོ་ཨུ་ལྷན་ལ་རྒྱབ་སྐྱོར་བྱེད་མཁན་ཁྲི་31གི་མཚན་རྟགས་བཀོད་ཡིག་སྐྱེལ་སྤྲོད་བྱས་པ་ལས། ཞིབ་བཤེར་བྱས་རྗེས་མིང་རྟགས་གོ་མ་ཆོད་པ་232ལས་མེད་པ་རེད། 
         ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོ་ནི་ད་ལོའི་ཟླ་3ཚེས་18ཉིན་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།