འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱིས་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་མཚམས་མི་ཆད་པ་བྱས་
    ནས་སློབ་ཞུགས་འགན་ལེན་ཡོང་བའི་ཐབས་བཟང་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ལ་སྐུལ་མ་བཏང་ནས་འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་མྱུར་པོ་ཡོང་བ་བྱས་ནས་སློབ་ལོ་ལོན་པའི་བྱིས་པར་འོས་འགན་སློབ་གསོ་ཐོབ་རྒྱུ་ཁྲིམས་བཞིན་འགན་སྲུང་བྱ་ཕྱིར། འདི་ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སློབ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་འགན་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། ལོ་མཇུག་ཏུ་སླེབས་སྐབས་ཀྲོའུ་ཡོངས་སུ་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99%ཡན་དང་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་95%ཡན་ཟིན་པ་བྱ་རྩིས་ཡོད་པ་རེད།
         ལས་དོན་སྒྲུབ་རིང་། ཡུལ་ཤུལ་ཀྲོའུ་ཡིས་ཆེད་དོན་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གྲོང་ཁྱེར་གྱི་ཧྲི་ཀྲང་དང་རྫོང་དཔོན་གྱིས་ཤང་དང་གྲོང་རྡལ་འགན་གཙང་ལེན་པ་དང་། སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་སློབ་གྲྭ་འགན་གཙང་ལེན་པ། ཤང་ཀྲང་དང་ཀྲེན་ཀྲང་གིས་གྲོང་ཚོ་དང་སྡེ་ཁུལ་འགན་གཙང་ལེན་པ། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་སྡེ་ཁུལ་དང་དུད་ཚང་འགན་གཙང་ལེན་པ། ཁྱིམ་བདག་གིས་རང་ཉིད་ཀྱི་བུ་ཕྲུག་འགན་གཙང་ལེན་པ་བཅས་བྱས་ཏེ་སློབ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་འགན་ལེན་བྱེད་པའི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་དང་རེ་རེ་བཞིན་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་དུ་བཅུག་ནས་སློབ་ཞུགས་འགན་ལེན་ལས་དོན་གནད་ལ་འཁེལ་བ་དང་མི་ཐོག་ལ་འཁྱོལ་བར་བྱས་པ་མ་ཟད། སློབ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་འགན་ལེན་བྱེད་པའི་གྲལ་བཤེར་ཆེན་པོ་དང་སློབ་གྲྭར་ཕྱིར་ལོག་དགོས་པའི་ལས་དོན་ཕྱོགས་ཡོངས་ནས་བསྒྲུབས་ཤིང་། 2009ལོ་ནས་སློབ་མཚམས་ཆད་པའི་སློབ་མར་སློབ་མཚམས་ཆད་པའི་དུས་ཚོད་དང་། རྒྱུ་རྐྱེན། གང་དུ་ཕྱིན་ཚུལ་བཅས་ཁྱོན་ཡོངས་གྲལ་བཤེར་མཐིལ་རྟོགས་ངང་ཐོ་བཀོད་དེ་སློབ་མཚམས་ཆད་པའི་སློབ་མའི་རྩིས་ཁྲ་བཟོས་པ་དང་། གྲོང་ཁྱེར་དང་རྫོང་སྲིད་གཞུང་ཁག་གིས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། སྤྱི་བདེ་དང་། ཁྲིམས་འཛིན། སློབ་གསོ། ཆོས་ལུགས་སོགས་སྡེ་ཚན་ཞུགས་པའི་སློབ་གསོའི་ཁྲིམས་འཛིན་ཚོགས་ཆུང་བཙུགས་ནས་སློབ་གྲྭར་ཕྱིར་ལོག་དགོས་པའི་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་པས། སློབ་མཚམས་ཆད་པའི་སློབ་མ་ཚང་མ་སློབ་གྲྭར་ཕྱིར་ལོག་ཐུབ་པ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།