འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་བརྒྱབ་ནས་མི་2རྐྱེན་ལམ་དུ་ཤོར་བ་དང་མི་200ལྷག་ཙམ་
    ལ་རྨས་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་བརྒྱབ་ནས་མི་2རྐྱེན་ལམ་དུ་ཤོར་བ་དང་མི་200ལྷག་ཙམ་
ལ་རྨས་སྐྱོན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན་གི་ཆུ་ཚོད་5:00ཐོག་བར་དུ། ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་རིམ་པ་6.5བརྒྱབ་ཡོད་པ་ལས་མི་2རྐྱེན་ལམ་དུ་ཤོར་བ་དང་མི་202ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ཐའེ་ཝན་མེ་གསོད་རུ་ཁག་གིས་ཚེས་7ཉིན་གྱི་ཆུ་ཚོད་5:00ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། མི་149བསྐྱབས་ཐུབ་ཡོད་པ་དང་། སྡོད་གནས་2བཀོད་སྒྲིག་བྱས་ཏེ། མི་354ཉར་ཡོད་པ་རེད། 
         ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་སྦྲེལ་ལྟེ་གནས་ཀྱི་དྲ་ཚུགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་6ཉིན་གྱི་ཆུ་ཚོད་23དང་སྐར་མ་50ཐོག ཐའེ་ཝན་ཧྭ་ལེན་རྫོང་ཉེ་ཁུལ་མཚོ་ཁོངས་སུ་ས་ཡོམ་རིམ་པ་6.5བརྒྱབ་པ་དང་། ཡོམ་གནས་ནི་བྱང་གི་འཕྲེད་ཐིག་ཏུའུ་24.13དང་། ཤར་གྱི་གཞུང་ཐིག་ཏུའུ་121.71 ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་11.0ཡོད་པ་རེད།
         ཧྭ་ལེན་དུ་ས་ཡོམ་རིམ་པ་6.5བྱུང་བའི་རྗེས་སུ། ཡོམ་འཕྲོ་ཆད་མེད་འབྱུང་བཞིན་ཡོད་པ་རེད། དེའི་ཁྲོད་དུ་ཚེས་7ཉིན་གྱི་ཆུ་ཚོད་2:00ཐོག་དང་དེ་བཞིན་དུ་ཆུ་ཚོད་2དང་སྐར་མ་7གྱི་ཐོག་ས་ཡོམ་རིམ་པ་5.2བརྒྱབ་པ་རེད། ཐའེ་ཝན་གནམ་དཔྱད་སྡེ་ཚན་གྱི་ལས་བྱེད་མི་སྣས། སྔོན་དཔག་བྱས་ན་ཡོམ་འཕྲོ་སྔར་བཞིན་གཟའ་འཁོར་གཉིས་རིང་རྒྱུན་བསྲིངས་རྒྱུ་ཡིན་ཟེར། 
    ༄༅།།ཐའེ་ཝན་ཧྭ་ལེན་དུ་ས་ཡོམ་བརྒྱབ་ནས་མི་2རྐྱེན་ལམ་དུ་ཤོར་བ་དང་མི་200ལྷག་ཙམ་
ལ་རྨས་སྐྱོན་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།